༧གོང་ས་མཆོག་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ།


2018-12-27
Share
༧གོང་ས་མཆོག་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་རྒྱུ། ༧གོང་ས་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མི་གྲངས་བཞི་ཁྲི་ཙམ་ལ་འཇིག་བྱེད་དཔའ་གཅིག་གི་བཀའ་དབང་བཀྲིན་བསྩལ་ཡོད་པ་རེད།
དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་བཞིན་པའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཕེབས་ཡོད་པ་རེད།
དེ་ཡང་ན་ནིང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ཞུ་ཞབས་སོར་འཁོད་དེ་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་སུ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་བྱང་ཆུབ་ལྗོན་ཤིང་ཁུལ་དུ་ས་སྐྱའི་སྨོན་ལམ་ཆེན་པོ་ཐེངས་༢༦ པ་ཚོགས་བཞིན་པའི་ཚོགས་མགོན་དུ་ཁྱུག་ཙམ་ཆིབས་བསྒྱུར་གྱིས་ཐུགས་སྨོན་མཛད་ཡོད་པ་དང་། ད་རེས་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་༢༧ པ་དེ་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༥ ནས་དབུ་བཙུགས་གནང་ཡོད་པར་བརྟེན་ནས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་པར་བཀའ་བཞེས་བཟང་པོ་ཕེབས་ཡོད་ཀྱང་ཚེས་ག་དུས་ཆིབས་བསྒྱུར་གནང་ཐུབ་མིན་ད་ལྟའི་ཆར་ཐུགས་གཏན་འཁེལ་མེད་པ་རེད།
དཔལ་ས་སྐྱའི་འཇིག་རྟེན་ཞི་དེའི་སྨོན་ལམ་ཆེན་པོ་ཐེངས་༢༧ པ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོང་ཤིང་གི་ཉེ་འཁྲིས་སུ་ཕྱི་ཚེས་༢༥ ནས་ཚོགས་བཞིན་ཡོད་པ་དང་། ད་རེས་ཚོགས་མགོན་དུ་དཔལ་ས་སྐྱ་ཁྲི་འཛིན་༤༢ པ་རརྣ་བྷན་ཛ་རིན་པོ་ཆེ་མཆོག་གི་དབུས་པའི་དཔལ་ས་སྐྱའི་གདུང་སྲས་རིན་པོ་ཆེ་རྣམ་པ་དང་། དེ་བཞིན་ས་སྐྱའི་གདན་ས་ཆེན་ཁག་བཞི་དང་། བཤད་གྲྭ་ཆེ་ཁག་གི་བླ་སྤྲུལ་དང་དགེ་འདུན་པ་རྣམ་པ། རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་ཁག་གསུམ་ནང་ཡོད་པའི་ས་སྐྱའི་གདན་ས་ཁག་གི་དགེ་འདུན་པ་དང་བཙུན་མ། ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་བཙུན་མ། མང་ཚོགས་བཅས་ཁྱོན་དད་ལྡན་མི་དམངས་ལྔ་སྟོང་ལྷག་བཅར་ཡོད་པ་རེད།།
གསར་འགོད་པ་གཡུ་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།