༧གོང་ས་མཆོག་འཛམ་གླིང་གྲགས་ཅན་མི་སྣ་བརྒྱའི་ནང་ཨང་རིམ་མཐོ་ཤོས་གསུམ་པར་མཚན་འདོན་ཞུས་པ།

2019-02-23
གློག་འཕྲིན།
མཆན།
Share
པར་བཀོད།
Watkinsཞེས་པའི་དུས་དེབ་ཀྱི ་འཛམ་གླིང་ནང་ཆེས་ཤུགས་རྐྱེན་ལྡན་པའི་སྐྱེས་བུ་སྐུ་འཚོ་བཞུགས་ཡོད་པ་བརྒྱའི་མཚན་གཞུང་ཞིག་འདོན་སྤེལ་གནང་བའི་ནང་༧གོང་ས་མཆོག་གི་མཚན་འདོན་ཞུས་ཡོད་པ།
Watkinsཞེས་པའི་དུས་དེབ་ཀྱི ་འཛམ་གླིང་ནང་ཆེས་ཤུགས་རྐྱེན་ལྡན་པའི་སྐྱེས་བུ་སྐུ་འཚོ་བཞུགས་ཡོད་པ་བརྒྱའི་མཚན་གཞུང་ཞིག་འདོན་སྤེལ་གནང་བའི་ནང་༧གོང་ས་མཆོག་གི་མཚན་འདོན་ཞུས་ཡོད་པ།
Watkins

༄༅། །Watkins ཞེས་པའི་དུས་དེབ་ཀྱི་ནང་ཆོས་ལུགས་དང་། སློབ་སྟོན་པ།  ལས་འགུལ་བ།  རྩོམ་པ་པོ།  ལྟ་གྲུབ་སྨྲ་བ་སོགས་འཛམ་གླིང་ནང་ཆེས་ཤུགས་རྐྱེན་ལྡན་པའི་སྐྱེས་བུ་སྐུ་འཚོ་བཞུགས་ཡོད་པ་བརྒྱའི་མཚན་གཞུང་ཞིག་འདོན་སྤེལ་གནང་ཡོད་པ་ལྟར།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨང་རིམ་མཐོ་ཤོས་གསུམ་པར་མཚན་འདོན་ཞུས་པ་དང་།  འཛམ་གླིང་ནང་གི་གྲགས་ཅན་མི་སྣ་ ༡༠༠ འི་ཁོངས་སུ་དང་པོར་ཡི་ཤུའི་ཆོས་དཔོན་ Pope Francis མཆོག་དང་།    གཉིས་པར་ Oprah Winfrey  དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་།  གཞན་ཡང་ Desmond Tutu མཆོག་བཅས་ཀྱིས་མ་ཚད།  ཧིན་དྷུའི་ཆོས་པ་ Sri Sri Ravi Shankar ཡང་ཨང་ ༣༥ མཚོན་འདོན་ཞུས་གནང་ཡོད་པ་རེད།
མཚན་གཞུང་དེ་ནི་དྲ་ལམ་གཅིག་པོ་མིན་པར།  ཕྱི་ཟླ་ ༢ ཟླ་མཇུག་གྱི་དུས་དེབ་འདོན་ཐེངས་ཨང་ ༥༧ པའི་ནང་པར་སྐྲུན་འགྲེམས་སྤེལ་ཞུ་གི་ཡོད་པ་རེད། Watkins དུས་དེབ་དེའི་ནང་དུ་ཆེས་སྙན་གྲགས་དང་ཤུགས་རྐྱེན་ལྡན་པའི་མི་སྣའི་མཐོ་གཞུང་ཁོངས་སུ་ཐོན་པར་ཆ་རྐྱེན་རྩ་འཛིན་གསུམ་ལྡན་དགོས་པ་སྟེ།  སྐུ་འཚོ་བཞུགས་ཡོད་པ།  འཛམ་གླིང་ཁྱོན་ལ་དམིགས་བསལ་ཆོས་ཕྱོགས་ཀྱི་ལེགས་སྐྱེས་ནུས་ལྡན་འབུལ་མཁན་དང་།  དྲ་རྒྱའི་བརྒྱུད་ལམ་ཐོག་འཛམ་གླིང་ཁྱོན་ནས་བལྟ་བཤེར་དོ་སྣང་ཞུ་ཡུལ་ཐོག་དྲ་ལམ་ངོ་སྤྲོད་ Wikipedia ནང་དུ་ལོ་རྒྱུས་ཡོད་པ་མདོར་ན་ཚད་གཞི་མཐོ་པོའི་སྒོ་ནས་འདེམས་སྒྲུག་ཞུ་གི་ཡོད་པ་ཞིག་རེད་འདུག
སྤྱིར་དབྱིན་ཇིའི་རྒྱལ་ས་ལཎ་ཌན་དུ་རྟེན་གཞི་བྱས་པའི་ Watkins དཔེ་དེབ་ཁང་གི་ངོས་ནས་ཆོས་ཕྱོགས་དང་བསམ་བློའི་བཅོས་སྒྱུར་སོགས་ཀྱི་ཐད་འདས་པའི་ལོ་ ༡༢༠ ལ་བློ་སྤོབས་སྐྲུན་པའི་ལས་གཞི་སྤེལ་བཞིན་པ་དང།  ཤོག་གྲངས་ ༡༦ ཅན་གྱི་དུས་དེབ་དེའི་ནང་དུ་ཆེས་སྙན་གྲགས་ཆེ་བའི་མི་སྣ་དེ་དག་གི་བྱེད་རྗེས་།  འདྲ་པར།  མཛད་རྣམ་ལོ་རྒྱུས་སོགས་འདོན་སྤེལ་གནང་གི་ཡོད་པ་རེད།

གསར་འགོད་པ་བཀྲིས་དབང་ཕྱུག

མཆན། (0)
Share
དྲ་གནས་ཆ་ཚང༌།