༧གོང་ས་མཆོག་གིས་བོད་པའི་རྩ་དོན་ཐོག་འགྱུར་བ་འགྲོ་བཞིན་ཡོད་པའི་སྐོར་བཀའ་གནང་འདུག།

2017-12-25
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཁང་གི་ཐང་ཆེན་ཚོགས་ཁང་ནང་མི་མང་རྣམས་ལ་བཀའ་སློབ་སྩོལ་བཞིན་པ།
༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཁང་གི་ཐང་ཆེན་ཚོགས་ཁང་ནང་མི་མང་རྣམས་ལ་བཀའ་སློབ་སྩོལ་བཞིན་པ།
དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་རྩ་དོན་ཐོག་གྱུར་བ་འགྲོ་བཞིན་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཁང་གི་ཐང་ཆེན་ཚོགས་ཁང་ཞིག་ནང་བཀའ་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རེས་གཟའ་ཟླ་བའི་ཉིན། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཁང་གི་ཐང་ཆེན་ཚོགས་ཁང་ཞིག་གི་ནང་དུ་འདུ་འཛོམས་གནང་བའི་བོད་རིགས་སློབ་མ་གཙོ་བོར་འགྱུར་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་དང་། དེ་བཞིན་བྷེང་ལོར་དང་ཉེ་འཁོར་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་མང་ཚོར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་  ན་ནིན་པེ་ཅིང་གི་ཚོགས་འདུ་ཞིག་གི་ཐོག་རྒྱ་ནག་གཞུང་གིས་བརྗོད་དོན་ལྟར་ན།  ཏྭ་ལའི་བླ་མར་སྐྱོན་བརྗོད་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར་༧གོང་ས་ཏྭ་ལའི་བླ་མར་འཛམ་གླིང་སྤྱི་ཚོགས་ནང་དད་གུས་དང་དགའ་མོས་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།  དེར་བརྟེན་རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་ཏྭ་ལའི་བླ་མའི་ཐོག་སྲིད་བྱུས་གཞན་ཞིག་འཛིན་དགོས་པ་ལས་དུས་རྟག་ཏུ་ཁ་བྲལ་བ་རེད་ཅེས་བརྗོད་པ་ཡིན་ན། དེར་ཕན་ཐོགས་མེད་སྐོར་བརྗོད་ཡོད་པ་དེའི་ཐོག་ནས་གཟིགས་པ་ཡིན་ན་རྒྱ་ནག་གཞུང་གིས་བོད་པའི་རྩ་དོན་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་འགྱུར་བ་ཕྲན་བུ་འགྲོ་ཡོང་དགོངས་ཀྱི་འདུག་ཅེས་དང་། དེ་ལྟར་འགྱུར་བ་འགྲོ་དགོས་དོན་གཙོ་བོ་ནི་གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པར་གནས་པའི་དབང་གིས་ཡིན་པ་དང་།  དེ་ག་ནང་བཞིན་ཡང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་མི་རིགས་ཀྱི་སྐུ་ཚབ་ཞིག་འགྱུར་བ་མེད་པའི་ཐོག་ནས་གནས་ཡོད་དུས། རྒྱ་ནག་གཞུང་གིས་དེའི་ཐད་ནག་བསུབ་རྩ་བ་ནས་བཏང་ཐབས་མེད་སྟབས། རིམ་བཞིན་བོད་པའི་རྩ་དོན་ཐོག་གྱུར་བ་འགྲོ་རྒྱུ་ཡིན་པ་རེད་ཅེས་སོགས་དེར་འདུ་འཛོམས་བྱུང་བའི་མི་མང་༢༥༠༠ལྷག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་ཡོད་པ་རེད།།
གསར་འགོད་པ་དབྱངས་སྒྲོལ།

མཆན། (0)
Share
དྲ་གནས་ཆ་ཚང༌།