ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་མཁན་མིན་པའི་དག་སེལ་བྱས་འདུག

2023.08.14
ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་མཁན་མིན་པའི་དག་སེལ་བྱས་འདུག ཧོང་ཀོང་གི་མཐོ་རིམ་ཁྲིམས་ཁང་མདུན། ༧།༢༠༢༣
AFP

དེ་ཡང་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཧོང་ཀོང་གི་གསར་ཁང་ཞིག་གི་སྦྱིན་བདག་དང་འབྱོར་ལྡན་པ་(Jimmy Lai)་དང་། ཁྲིམས་རྩོད་པ་ལྕམ་(Margaret Ng) ཁྲིམས་རྩོད་པ་སྐུ་ཞབས་(Martin Lee)་གསུམ་པོ་ཕྱི་ལོ་༢༠༡༩ལོའི་ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་གོ་སྒྲིག་གནང་མཁན་མིན་པའི་དག་སེལ་བྱས་འདུག་ཀྱང་། ཁོང་ཚོ་གསུམ་པོ་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ནག་ཉེས་རང་སོར་བཞག་ནས། སྐུ་ཞབས་(Jimmy Lai)་ཡི་བཙོན་འཇུག་གི་ཉེས་ཆད་དེ་ཟླ་ངོ་བཅུ་གཉིས་ནས་ཟླ་ངོ་དགུ་བར་ཉུང་དུ་བཏང་ཡོད་པ་དང་། གཞན་ཁྲིམས་གཏུག་དེ་དང་འབྲེལ་བ་ཡོད་པ་དམངས་གཙོའི་ལས་འགུལ་སྤེལ་མཁན་(Lee Chuekyan)་དང་། (Leung Kwok hung) གྲོས་ཚོགས་ཀྱི་འཐུས་མི་(Cyd Ho)་དང་(Albert Ho)་བཅས་པར་ཡང་བཙོན་བཅུག་གི་དུས་ཡུན་དེ་ཟླ་ངོ་འགའ་ཤས་ཀྱིས་ཉུང་དུ་བཏང་ཡོད་པ་རེད་འདུག
དེའི་ཐད་ཁྲིམས་རྩོད་པ་ལྕམ་(Margaret Ng)་ཡིས་གསར་འགོད་པར། ཁོང་གིས་ཁྲིམས་ཁང་གི་བཅད་ཁྲ་དེ་ཆ་ཚང་ཀློག་སྟེ་རང་ཉིད་ཀྱི་ཁྲིམས་རྩོད་པར་གོ་བསྡུར་གནང་བའི་རྗེས་གཏམ་བཤད་བྱེད་རྒྱུ་ལས་གཞན་གང་ཡང་མེད་པ་གསུངས་འདུག
ཡང་ཁྲིམས་རྩོད་པ་སྐུ་ཞབས་(Martin Lee)་ཁྲིམས་ཁང་ནས་ཕྱིར་ཐོན་ནས་ཁོང་ལ་ཕོགས་པའི་ཁྲིམས་ཆད་དེའི་སྐོར་གང་ཡང་བཤད་མེད་པ་རེད་འདུག་ལ། སྐུ་ཞབས་ (Jimmy Lai)་དང་། (Lee Cheuk yan)་གཉིས་བཙོན་ཁང་གི་རླངས་འཁོར་ཞིག་གི་ནང་ཁྲིམས་ཁང་དུ་ཁྲིད་ཡོད་པ་དང་། (Leung Kwok hung)་དང་(Cyd Ho)་གཉིས་ཁྲིམས་ཁང་དུ་ངོ་བཅར་ཞུས་མེད་པ་རེད།


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎