ཧོང་ཀོང་ནང་གི་གསར་ཁང་ཁག་གིས་ཐེ་ཝན་དང་འབྲེལ་བའི་མིང་ཚིག་བེད་སྤྱོད་གཏོང་ཕྱོགས་ཐད་གཞུང་གིས་དམ་དྲག

2021.07.21
ཧོང་ཀོང་ནང་གི་གསར་ཁང་ཁག་གིས་ཐེ་ཝན་དང་འབྲེལ་བའི་མིང་ཚིག་བེད་སྤྱོད་གཏོང་ཕྱོགས་ཐད་གཞུང་གིས་དམ་དྲག ཉེ་ལམ་སྒོ་རྒྱག་དགོས་བྱུང་བའི་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར། ༨།༡༡།༢༠༢༠
AP

ཧོང་ཀོང་ནང་གི་རླུང་འཕྲིན་དང་བརྙན་འཕྲིན་གསར་ལས་ཁང་ཚོས་ཐེ་ཝན་གྱི་སྲིད་འཛིན་དང་གཞུང་ཞེས་འབོད་མི་ཆོག་པ་སོགས་གཞུང་གིས་དམ་དྲག་ཇེ་ཤུགས་ཆེ་རུ་གཏོང་གི་འདུག
འདི་ཚེས་༢༠་རེས་གཟའ་མིག་དམར་ཉིན། ཧོང་ཀོང་ནང་གི་རླུང་འཕྲིན་བརྙན་འཕྲིན་གསར་ལས་ཁང་ཚོར་བཀོད་ཁྱབ་བཏང་བ་ཞིག་ཧྥ་རན་སིའི་གསར་ལས་ཁང་གིས་ལུང་འདྲེན་དང་བཅས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ནང་གི་རླུང་འཕྲིན་དང་བརྙན་འཕྲིན་ཚན་པ་དང་། དེ་བཞིན་དྲྭ་ལམ་སོགས་ནས་གསར་འགྱུར་བཀོད་སྤེལ་བྱེད་མཁན་ཚོས་ཐེ་ཝན་གྱི་སྲིད་འཛིན་དང་། ཐེ་ཝན་གྱི་གཞུང་ཞེས་བའི་མིང་ཚིག་རྩ་བ་ནས་བེད་སྤྱོད་བྱེད་མི་ཆོག་ཅེས་འཁོད་ཡོད་འདུག
ཨེ་ཨེཕ་པི་གསར་ལས་ཁང་ནས་མུ་མཐུད་སུ་གནས་ཚུལ་བཀོད་པར་ལྟར་ན། སྤྱིར་བཏང་ཨེ་ཨེཕ་པི་གསར་ལས་ཁང་གི་གཙོས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐེ་ཝན་རྒྱལ་ཁབ་ཞེས་འབོད་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་ཀྱང་། ཐེ་ཝན་གྱི་སྲིད་འཛིན་དང་གཞུང་ཞེས་འབོད་ཀྱི་ཡོད་རེད་ཅེས་བཀོད་འདུག
སྤྱིར་སྔ་ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་གཏན་འབེབས་ལག་བསྟར་བྱས་པའི་འོག་མང་ཚོགས་དང་། ལྷག་པར་དུ་དམངས་གཙོ་དོན་གཉེར་བ་ཚོའི་ཐོག་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། ད་ཆ་གསར་འགྱུར་ཚན་པ་ཚོས་ཐེ་ཝན་དང་འབྲེལ་བའི་ཐ་སྙད་བཀོལ་སྤྱོད་བྱེད་ཕྱོགས་ཐོག་ལའང་དམ་དྲག་བྱེད་རྒྱུ་འགོ་འཛུགས་པ་ནི། རྒྱ་ནག་སྐམ་ས་ཆེན་མོའི་ནང་གི་གསར་འགྱུར་ཚན་པ་ཚོའི་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་ཡིན་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎