ཧོང་ཀོང་ནང་མེ་འཁོར་བཀག་ནས་མུ་མཐུད་ས་གནས་གཞུང་ལ་ངོ་རྒོལ་བྱས་འདུག


2019.07.30
ཧོང་ཀོང་ནང་མེ་འཁོར་བཀག་ནས་མུ་མཐུད་ས་གནས་གཞུང་ལ་ངོ་རྒོལ་བྱས་སྐབས། ༢༠༡༩།༧།༣༠ ཧོང་ཀོང་ནང་མེ་འཁོར་བཀག་ནས་མུ་མཐུད་ས་གནས་གཞུང་ལ་ངོ་རྒོལ་བྱས་སྐབས། ༢༠༡༩།༧།༣༠
AP

ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་བ་ཚོས་མི་མང་པོ་ལས་ཀར་འགྲོ་དུས་མེ་འཁོར་བཀག་འགོག་བྱས་པའི་རྐྱེན་གྱིས་འགྲུལ་བཞུད་བྱེད་མི་ཚོར་དཀའ་ངལ་བཟོས་འདུག
ཧོང་ཀོང་ནང་ཁྲིམས་འགལ་ཉེས་ཅན་ཡིན་པའི་དོགས་གཞི་ཡོད་པ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་རྩོད་རྙོག་ཆེ་བའི་ཁྲིམས་འཆར་ལ་ཧོང་ཀོང་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ད་བར་ཟླ་ངོ་གསུམ་ཙམ་ཕྱིན་པ་དང་། ད་དུང་མུ་མཐུད་དུ་ཧོང་ཀོང་ས་གནས་གཞུང་འཛིན་དཔོན་རིགས་དང་རྒྱ་ནག་གཞུང་འཛིན་དཔོན་རིགས་ཚོར་འཁོན་ལན་དང་ངོ་རྒོལ་ཆེད་ཉིན་ལྟར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། འདི་ཚེས་༣༠་གཟའ་མིག་དམར་ཉིན་གྱི་སྔ་དྲོ་མི་མང་པོ་ལས་ཀ་བྱེད་པར་འགྲོ་བའི་བྲེལ་ཟིང་ཆེ་བའི་སྐབས་ལ་ངོ་རྒོལ་བ་ཚོས་མེ་འཁོར་གྱི་སྒོ་བཀག་འགོག་སོགས་བྱས་ཏེ་མེ་འཁོར་འགྲུལ་བཞུད་ལ་འགོག་རྐྱེན་བཟོས་སྟབས་མི་མང་བརྒྱ་ཕྲག་མང་པོ་མེ་འཁོར་འབབ་ཚུགས་ལ་འཛུལ་མ་ཐུབ་པ་དང་། ཕྱིར་ཐོན་མ་ཐུབ་པའི་དཀའ་ངལ་བྱུང་འདུག
གདོང་བག་གྱོན་པ་དང་རང་གི་མིང་ཆ་ཚང་བཤད་འདོད་མེད་པ་རང་ལོ་༢༡་ལ་སོན་པའི་ངོ་རྒོལ་བ་(Sharon)་ཟེར་བས། ང་ཚོ་འདིར་དུས་ཡུན་ག་ཚོད་སྡོད་དགོས་ཀྱི་ཡོད་མེད་ཤེས་རྟོགས་མེད། ང་ཚོར་འགོ་ཁྲིད་མེད། ངོ་རྒོལ་གྱི་ལས་འགུལ་དེ་ནི་མི་མང་གི་ལས་འགུལ་ཞིག་ཡིན་ལུགས་དང་། ང་ཚོས་ཧོང་ཀོང་མི་མང་ཚོར་སྟབས་མ་བདེ་བ་བཟོས་པ་དང་། དེ་ནི་གཙོ་བོ་ས་གནས་གཞུང་འཛིན་དཔོན་རིགས་ཚོར་མི་མང་གིས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ཤེས་རྟོགས་ཆེད་བྱེད་ཀྱི་ཡོད། ངོ་རྒོལ་མུ་མཐུད་ནས་བྱེད་ཀྱི་ཡིན་ཞེས་རོ་ཡ་ཀྲར་གསར་ལས་ཁང་ལ་བརྗོད་འདུག
མེ་འཁོར་ནང་འགྲུལ་བཞུད་བྱེད་མཁན་ཞིག་གིས་ངའི་བསམ་པར་ང་རང་གི་ལས་ཀ་དང་ཚོགས་འདུ་སྒུག་ཐུབ་ཀྱི་རེད། ཡིན་ནའི་ཧོང་ཀོང་མི་དམངས་ཀྱི་རང་དབང་དང་བདེ་འཇགས་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱེད་བཞིན་པ་དེར་སྒུག་ཐབས་མེད་པ་རེད། དེ་འདྲ་སོང་ཙང་མེ་འཁོར་འགྲུལ་བཞུད་ལ་འགོག་རྐྱེན་བཟོས་ན་ཡང་ང་རང་ཁོང་ཁྲོ་ལང་གི་མི་འདུག་ཅེས་དང་། ད་དུང་མི་གཞན་ཞིག་གིས་ཧོང་ཀོང་ས་གནས་གཞུང་གིས་མི་མང་གི་དགོས་འདུན་བཏོན་པ་ཁག་ལ་ཡ་ལན་སློག་དགོས་པ་བྷི་བྷི་སི་གསར་ལས་ཁང་ལ་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎