རང་ལུས་མེ་བསྲེགས་ཀྱི་འབྱུང་རྐྱེན་ཞིབ་འཇུག་བྱེད་གལ་ཆེ།

ཨི་ཁྲ་ལིའི་ནང་གི་བརྙན་འཕྲིན་གསར་འགོད་པ་ཞིག་གིས་༸གོང་ས་མཆོག་ལ་བོད་ནང་གི་རང་ལུས་མེར་སྲེག་སྐོར་བཀའ་འདྲི་ཞུས་འདུག

2012.06.29

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཁྲ་ལིའི་ནང་གི་མཛད་འཕྲིན་དང་མཉམ་བརྙན་འཕྲིན་བརྒྱུད་ལམ་ཞིག་གི་གསར་འགོད་པས་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་སྐོར་བཀའ་འདྲི་ཞུས་པར་། ༸གོང་ས་མཆོག་གིས། གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན་ངོས་ཀྱིས་ཆབ་སྲིད་གོ་གནས་ནས་དགོངས་པ་ཞུས་ཚར་བས་དེའི་སྐོར་གང་ཡང་བརྗོད་རྒྱུ་མེད། འོན་ཀྱང་ང་ཚོས་གསལ་བོ་ཤེས་ཐུབ་པ་ནི་ཁྱིམ་ཚང་གི་བཀའ་ངལ་ལ་བརྟེན་ནས་ཁོང་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེ་འདྲ་རྩ་བ་ནས་མིན་པ་ར་སྤྲོད་ཐུབ་ཡོད། དེར་བརྟེན་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་རྒྱ་མི་དཔོན་རིགས་ཚོས་ཞིབ་འཇུག་ཚད་ལྡན་ཞིག་ངེས་པར་དུ་བྱེད་རྒྱུ་གལ་ཆེ། དེ་སྔ་ཕྱི་ལོ་༡༩༨༠ལོར་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡོ་པང་ལྷ་སར་ལྟ་སྐོར་དུ་འབྱོར་སྐབས། བོད་ནང་དུ་དཀའ་ངལ་བཟོས་པ་དེར་དགོངས་སེལ་ཞུས་པ་དང་སྦྲགས་རྒྱ་མི་ཚོ་བོད་ནས་རིམ་པས་ཕྱིར་ལོག་བྱ་རྒྱུའི་ཁས་ལེན་ཡང་བྱས་མྱོང་ཡོད། དམ་པ་ཁོང་ནི་གུང་ཁྲན་རིང་ལུགས་པ་ཡག་པོ་ཞིག་རེད། དེ་བཞིན་ཏང་ཞའོ་ཕིང་གིས་དངོས་ཡོད་གནས་ཚུལ་ནས་བདེན་པ་འཚོལ་ཐབས་བྱེད་དགོས་ཞེས་གསུངས་ཡོད་ལ། རྒྱ་ནག་གི་སྲིད་འཛིན་ཧོའུ་ཅིན་ཐའོ་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱུང་མཚམས་འཆམ་མཐུན་སྤྱི་ཚོགས་བསྐྲུན་དགོས་པ་སོགས་བརྗོད་སྐབས་ངོས་ནས་རྒྱབ་སྐྱོར་བྱས་པ་ཡིན། འཆམ་མཐུན་གྱི་སྤྱི་ཚོགས་དེ་ཕན་ཚུན་ཡིད་ཆེས་ཐོག་ནས་ཡོང་དགོས་པ་ལས་དྲག་པོའི་དཔུང་ཤུགས་ཁོ་ནས་བཟོ་ཐུབ་བསམ་པ་དེ་རྒྱུ་མཚན་ཡང་དག་ཅིག་རྩ་བ་ནས་མིན་ཞེས་དང་། ད་དུང་༧གོང་ས་མཆོག་ནས་དྲག་ཤུགས་བེད་སྤྱོད་བྱས་ཚེ་ཡིད་ཆེས་བསྐྲུན་རྒྱུའི་ཚབ་ཏུ་གྲུབ་འབྲས་ལྡོག་ཕྱོགས་ཤིག་ཐོན་ངེས་ཡིན་པ་དང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་ལྷག་བསམ་དེ་དྲག་ཤུགས་ཀྱིས་ཉམས་རྒུད་གཏོང་ཐབས་རྩ་བ་ནས་མེད།  གང་ཡིན་ཞེ་ན། བོད་མིའི་ལ་རྒྱ་དང་སྙིང་སྟོབས་དེ་ལོ་ངོ་༢༥༠༠ལྷག་སོང་བའི་ནང་ཆོས་ཀྱི་སྲོལ་རྒྱུན་ལ་རྩ་བ་བཟུང་ནས་གནས་ཡོད་སྟབས། དེང་སྐབས་འཛམ་གླིང་ནང་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་སོགས་བཀའ་ལན་སྩལ་འདུག

དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ བོད་རིགས་དང་སོག་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང་།  སྐབས་དེར་༧གོང་ས་མཆོག་གིས་བོད་མི་ཚོར་ཉེ་ལམ་མགོན་པོ་གང་ཉིད་ཀྱིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་མཛད་པ་དེ་ནི་ཐུགས་ཤུགས་ཆག་པ་ལྟ་བུ་རྩ་བ་ནས་མིན་པར་མ་འོངས་པར་བོད་མི་ཚོའི་བདེ་དོན་ཁོ་ནར་དགོངས་བཞེས་མཛད་པ་ཞིག་ཡིན་པ་མ་ཟད་། ༧གོང་ས་མཆོག་སྐུ་གཞོན་ནུའི་དུས་ནས་བོད་མིའི་འཛིན་སྐྱོང་དེ་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་ཐུགས་ཀྱི་འཆར་སྣང་ཡོད་སོགས་བཀའ་སློབ་སྩལ་གནང་མཛད་ཡོད། ཚེས་༢༩ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎