ས་མཚམས་ཀྱི་གནད་དོན་ཐད་རྒྱ་གར་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཡོད་ཟེར།


2017.07.24
རྒྱ་གར་དང་རྒྱ་ནག་གི་ས་མཚམས་མཐའ་སྲུང་དམག་མི། རྒྱ་གར་དང་རྒྱ་ནག་གི་ས་མཚམས་མཐའ་སྲུང་དམག་མི།
AFP

རྒྱ་གར་གྱིས་རྒྱ་ནག་དང་ས་མཚམས་ཀྱི་དཀའ་རྙོག་ཐད་རྒྱལ་སྤྱིའི་ཐོག་ནས་རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
དེ་ཡང་འདི་ཚེས་༢༠་རེས་གཟའ་ཕུར་བུའི་ཉིན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤེ་མ་སོ་ཝ་རཇེ་(Sushma Swaraj)་མཆོག་གིས་ཁྱིམ་མཚེས་འབྲུག་ཡུལ་གྱིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐད་རྒྱ་གར་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་སྦྲགས་གལ་སྲིད་རྒྱ་ནག་གིས་རྒྱ་གར་དང་རྒྱ་ནག འབྲུག་ཡུལ་བཅས་ཀྱི་མཐའ་མཚམས་ས་ཁུལ་བཙན་བཟུང་བྱས་ཚེ། རྒྱ་གར་གྱི་སྲུང་སྐྱོབ་ལ་འགལ་རྐྱེན་འཕྲད་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
ཐེངས་འདིའི་ས་མཚམས་ཀྱི་རྩོད་རྙོག་ཟླ་བ་གཅིག་གོང་རྒྱ་ནག་དང་འབྲུག་དབར་རྩོད་རྙོག་ཅན་གྱི་ས་ཁུལ་ནང་རྒྱ་ནག་གིས་འགྲོ་ལམ་གསར་བཟོ་འགོ་འཛུགས་བྱེད་སྐབས་བྱུང་ཡོད་པ་དང་། དེ་རྗེས་རྒྱ་གར་གྱིས་ས་སྲུང་དམག་མི་འགྲེམས་འཇོག་བྱས་པ་རེད།
འདི་ཚེས་༢༠ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་ཕྱི་སྲིད་བློན་ཆེན་སུ་ཤེ་མ་ སོ་ཝ་རཇེ་མཆོག་གིས། ས་མཚམས་ཀྱི་གནད་དོན་ཐད་རྒྱལ་ཁབ་ཚང་མས་རྒྱ་གར་གྱི་ལངས་ཕྱོགས་ནོར་མེད་པ་ངོས་འཛིན་དང་བདེན་པ་ང་ཚོར་ཡོད་པ་དེ་ཀུན་གྱིས་ངོས་ལེན་བྱེད་ཀྱི་ཡོད་སྐོར་གསུངས་འདུག
འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་། ས་མཚམས་རྩོད་རྙོག་ཐད་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་པ་དང་རྒྱ་གར་གྱིས་ས་མཚམས་བརྒལ་འཛུལ་བྱས་པ་དེར་ཕྱི་འབྲེལ་མི་སྣ་ཚོ་ཧོན་ཐོར་དགོས་པ་བཟོས་ཡོད་སྐོར་བརྗོད་ཡོད་པ་རེད།
སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་འཛམ་གླིང་ནང་གི་ཡུལ་གྲུ་ཆུང་ཤོས་གྲས་འབྲུག་ཡུལ་གྱིས་སྟོབས་ཆེན་ཁྱིམ་མཚེས་ཡུལ་གྲུའི་བཙན་ཤུགས་ལ་མགོ་བོ་མ་འགུར་བར་རང་གི་ལངས་ཕྱོགས་བརྟན་པོ་བཟུང་བར་བསྔགས་བརྗོད་གནང་ཞིང་། ཕྱི་ལོ་ ༢༠༡༢ ལོར་བཞག་པའི་གྲོས་མཐུན་གྱི་ནང་། ཡུལ་གྲུ་གསུམ་གྱི་ཐོུང་གི་ས་མཚམས་འཁེལ་ཡུལ་གྱི་གནད་དོན་ཁག་རྒྱ་གར་དང་རྒྱ་ནག། འབྲུག་བཅས་ཡུལ་གྲུ་གསུམ་གྱི་ཐོག་ནས་ཐག་གཅོད་བྱེད་དགོས་པ་གསལ་ཡོད་པ་གསལ་བཤད་གནང་འདུག
ད་དུང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་གཞིའི་གནད་དོན་ཐད་གྲོས་མོལ་ཡོང་བར་སྔོན་ལ་རྒྱ་ནག་གི་ངོས་ནས་ས་སྲུང་དམག་མི་ཕྱིར་འཐེན་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎