རྒྱ་གར་དུ་༸གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་བ།

༸གོང་ས་མཆོག་གིས་ཁ་ཆེའི་ཆོས་དེ་འཛམ་གླིང་ནང་ཧ་ཅང་གི་གལ་འགངས་ཆེ་བའི་ཆོས་ཤིག་ཡིན་པ་རེད་ཅེས་བཀའ་གནང་ཡོད་པ་རེད་

2010-11-24
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེའི་ཨི་སི་ལམ་ཆོས་དེ་འཛམ་གླིང་ནང་ཧ་ཅང་གི་གལ་འགངས་ཆེ་བའི་ཆོས་ཤིག་ཡིན་པ་རེད་ཅེས་རེས་གཟའ་མིག་དམར་ཉིན་བཀའ་གནང་ཡོད་པ་རེད་

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རེས་གཟའ་མིག་དམར་ཉིན་ཇ་མི་ཡ་ཨི་སི་ལ་མིཀ་མཐོ་སལོབ་ཁང་ནས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་བའི་མཐའ་མའི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་དེར་ཕེབས་པའི་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་དང་མཐོ་སློབ་ཁང་དེའི་ལས་བྱེད་ སློབ་ཕྲུག་སོགས་སྟོང་ཕྲག་མང་པོ་འདུ་འཛོམས་སར་ཁ་ཆེའི་ཨི་སི་ལམ་ཆོས་དེ་འཛམ་གླིང་ནང་ཧ་ཅང་གི་གལ་འགངས་ཆེའི་ཆོས་ཤིག་ཆགས་ཀྱི་ཡོད་སྟབས་དེར་སྣང་ཆུང་མ་གང་བར་གུས་བཀུར་དང་སྲུང་སྐྱོབ་གནང་དགོས་ཀྱི་རེད་ཅེས་དང་མི་ཚེ་ནི་འགན་ལེན་བྱེད་ཐུབ་ཡས་ཀྱི་ལས་སླ་པོ་ཞིག་མེད་པས་གཞོན་སྐྱེས་ཚོས་དེའི་ཐོག་དེ་བས་ཀྱིས་ཐུགས་སྣང་ཤུགས་ཆེ་ཙམ་གནང་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད་

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་གནང་དོན་ ང་ཚོས་སོ་སོའི་ཆོས་ལུགས་ཁག་གི་ཐོག་ཉམས་ལེན་བྱེད་དགོས་པ་མ་ཟད་ གཞན་གྱི་ཆོས་ལུགས་ཁག་ལའང་གུས་བཀུར་ཞུས་གནང་དགོས་ཀྱི་རེད་ཅེས་བཀའ་སློབ་ནན་པོ་གནང་ཡོད་པ་རེད་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཇ་མི་ཡ་ཨི་སི་ལ་མིཀ་མཐོ་སློབ་ཁང་ནས་སློབ་གྲའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།