བཙན་བྱོལ་བོད་གཞུང་ནས་ལམ་དབུ་མའི་སྲིད་ཇུས་རྒྱུན་འཛིན།

བཙན་བྱོལ་གཞུང་ནས་ལམ་དབུ་མའི་སྲིད་བྱུས་རྒྱུན་འཛིན་དང་འབྲེལ་རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་གོང་མཐོར་གཏོང་རྒྱུ་ཡིན་ལུགས།

2008.12.10
Share on WhatsApp
Share on WhatsApp

༄༅༎བཙན་བྱོལ་བོད་གཞུང་ནས་ལམ་དབུ་མའི་སྲིད་བྱུས་རྒྱུན་འཛིན་དང་འབྲེལ་རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་གོང་མཐོར་གཏོང་རྒྱུའི་ཡིན་ལུགས་གསུངས་འདུག

དེ་རིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་མོ་འདི་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཙམ་མ་ཡིན་པར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་སྔ་ཕྱི་ལོ་༡༩༨༩ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་བཅུ་དགུ་འཁོར་བའི་ཉིན་མོ་ཞིག་ཀྱང་ཡིན་པ་རེད། དེ་རིང་བོད་མིའི་གནས་སྡོད་ཚང་མར་ཉིན་མོ་འདི་བཞིན་དགའ་དགའ་སྤྲོ་སྤྲོའི་ངང་སྲུང་བརྩི་ཞུས་ཡོད་རེད། ལྷག་པར་དུ་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྣམ་གཉིས་ཀྱི་གསུངས་བཤད་གནང་བ་དང་འབྲེལ་མཛད་སྒོ་ཟབ་རྒྱས་ཤིག་ཚུགས་གནང་ཡོད་འདུག

བཀའ་ཤག་གི་གསུངས་བཤད་གནང་བའི་ནང་དོན་གཙོ་བོར་ཉེ་ཆར་བཙན་བྱོལ་བོད་མིའི་སྐུ་ཚབ་རྣམས་ནས་དམིགས་བསལ་ཚོགས་ཆེན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་འཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུར་སྤྱི་མོས་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་མང་མོས་རྒྱབ་སྐྱོར་ཐོབ་པ་དང་དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོངས་གནང་བའི་སྐབས་སུའང་གོང་མཚུངས་༸གོང་ས་མཆོག་གིས་ལམ་སྟོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཐོབ་པ་བཅས་ལ་བརྟེན་ད་ཆ་བཙན་བྱོལ་བོད་གཞུང་གིས་གདེང་སྤོབས་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ཐུབ་རྒྱུ་མ་ཟད་རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱ་བོད་འབྲེལ་མོལ་གོང་མཐོར་སྤེལ་དགོས་རྒྱུར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་འཁྲིད་ཚོས་ང་ཚོའི་བསམ་འཆར་ཡིག་ཆའི་ཐོག་གྲོས་མོལ་རྒྱུན་འཁྱོངས་གནང་འདོད་ཡོད་ཚེ་ང་ཚོའི་ངོས་ནས་སྒོ་མོ་རྒྱུན་དུ་ཕྱེ་ཡོད་ཅེས་གསུངས་ཡོད་འདུག དེ་བཞིན་བཙན་བྱོལ་བོད་མིའི་ཤེས་ཡོན་དང་གཞིས་ཆགས་རྟེན་ལྷིང་ཡོང་ཐབས་སུ་འཐུས་ཤོར་ཕྱིན་པ་རྣམས་ལས་ཁུངས་སོ་སོས་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་སྔར་ལྷག་གནང་རྒྱུ་ཡིན་ལུགས་ཀྱང་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎