འགོ་ཁྲིད་བྱེད་ན་ཐོག་མར་སྡུག་བསྔལ་ལྡན་པ་ཁས་ལེན་དགོས། སྲིད་སྐྱོང་མཆོག་གིས།


2018-05-21
Share
རྡ་སར་འགོ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་གསུམ་པའི་སྐབས། ༢༠༡༨།༥།༢༡ རྡ་སར་འགོ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་གསུམ་པའི་སྐབས། ༢༠༡༨།༥།༢༡
RFA

བོད་རིགས་མཐོ་རིམ་སློབ་མ་གྲངས་ ༣༩ ཙམ་ལ་མ་འོངས་འགོ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་གནང་བཞིན་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ཚེས་༢༡་ཉིན་གཞོན་སྐྱེས་ནི་མ་འོངས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཡིན་པའི་ལྟ་གྲུབ་དེའི་ཐོག་ནས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༢༡ ནས་ ༢༦ བར་ཉིན་གྲངས་ ༦ རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་རྡ་རམ་ས་ལའི་སྣེ་ལེན་ཁང་གསར་པའི་ནང་རྒྱ་གར་ནང་གི་མཐོ་སློབ་ཁག་ ༡༢ ཙམ་གྱི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་གྲངས་ ༣༩ ལ་མ་འོངས་འགོ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དེ་འགོ་འཛུགས་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འགོ་ཁྲིད་བྱེད་པར་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཆོད་སེམས་ཤིག་ངེས་པར་དགོས་པ་གསུངས་པ་དང་།  ཁོང་གིས་འགོ་ཁྲིད་ཚོར་སློབ་སྟོན་པ་སོགས་ཀྱི་དགོངས་འཆར་མང་པོ་གནང་ཐུབ་ཡང་མཐའ་མའི་ཐག་གཅོད་དེ་འགོ་ཁྲིད་རང་ཉིད་ནས་བྱེད་དགོས་པར་བརྟེན།  ཐག་གཅོད་བྱ་རྒྱུ་ནི་ལས་སླ་པོ་རྩ་བ་ནས་མིན་ལ།  ཐག་གཅོད་བྱས་པ་དེར་གླེང་སློང་དང་མི་དགའ་བ་སོགས་གནས་ཚུལ་འདྲ་མིན་ཡོང་རྒྱུ་ངེས་པས།  འགོ་ཁྲིད་བྱེད་པར་ཐོག་མར་ནང་ཆོས་ནང་གསུངས་པ་ལྟར་སྡུག་བསྔལ་བདེན་པ་དེ་ཁས་ལེན་ཐུབ་མཁན་ཞིག་དགོས་པ་གསུངས་འདུག
ཡང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཁྱེད་རང་ཚོས་མ་འོངས་པར་གཞན་ཚོགས་པ་ཁག་གང་དུ་ལས་ཀ་བྱས་པ་ཡིན་ནའང་ཡག་པོ་ཡིན་ཡང་། བོད་མིའི་སྒྲིག་འཛུགས་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་གནས་ཤིག་ཡིན་པས་འཕྲལ་ཕུགས་རྒྱང་གསུམ་གང་ལ་བལྟས་པ་
ཐེངས་འདིར་ཟབ་སྦྱོང་སྤྲོད་མཁན་གྱི་གྲས་སུ་རྒྱ་གར་གྱི་ Dale Carnegie སྲིད་ཇུས་ཉམས་ཞིབ་ལྟེ་གནས་ཁང་གི་སྦྱོང་བརྡར་ཆེད་མཁས་པ་སྐུ་ཞབས་པུ་ནིཏ་གུཔ་ཏ་མཆོག་ཀྱང་ཡོད་ཅིང་། ཁོང་གིས་གཞོན་སྐྱེས་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེ་སྲིང་གནང་ཕྱོགས་སྐོར་དང་། ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད། སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་བཅའ་ཁྲིམས་ངོ་སྤྲོད། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་ནས་ཡ་རབས་སྤྱོད་བཟང་དང་བོད་མིའི་ངོ་བོ་སྐོར་གཏམ་བཤད་གནང་རྒྱུའི་ལས་རིམ་ཡོད་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།