རྒྱལ་སྤྱིའི་རྒྱབ་སྐྱོར་ནུས་པ་ཆུང་རུ་གཏོང་ཐབས་ཀྱི་བཀོད་ཁྱབ།

རྒྱ་གཞུང་ནས་རྒྱལ་སྤྱིའི་ནང་བོད་དང་ཤིན་ཅང་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ནུས་པ་ཆུང་དུ་གཏོང་རྒྱུའི་ཐབས་བྱུས་འཛིན་དགོས་པའི་བཀོད་ཁྱབ།

2011.06.30

༄༅༎རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ནང་བོད་དང་ཤིན་ཅང་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ནུས་པ་ཆུང་དུ་གཏོང་རྒྱུའི་ཐབས་བྱུས་འཛིན་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཕ་ཡུལ་དྲ་རྒྱའི་ནང་དྲན་མག་གི་ཉིན་རེའི་གསར་ཤོག་ཨིན་ཕོར་མེ་ཤན་ཞེས་པའི་ནང་རྒྱ་ནག་གཞུང་གི་གསང་བའི་ཡིག་ཕྱི་བསྒྲགས་བྱུང་བའི་གནས་ཚུལ་ཁག་ཅིག་བཀོད་ཐོན་བྱུང་བ་བཏོན་ཡོད་པའི་ནང་གསལ་ལྟར་ན། རྒྱ་ནག་གུང་བྲན་སྲིད་གཞུང་གིས་ཞེད་སྣང་ཆེ་ཤོས་གནས་ཚུལ་བརྒྱུད་ལམ་ཁག་ལ་སྟངས་འཛིན་བྱེད་ཕྱོགས་དེ་ཡིན་པ་དང་། དེ་དག་ཐོག་བཀག་འགོག་བྱེད་རྒྱུའི་ལས་འཆར་ལ་ད་དུའང་དོ་ནན་གྱིས་དམ་བསྒྲཌ་བྱེད་དགོས་རྒྱུ་ཡིན་པ་དང་། ལྷག་པར་དུ་འགོ་འཁྲིད་ཚོར་སྐྱོན་བརྗོད་བྱེད་རྒྱུ་དང་། གུང་བྲན་སྲིད་གཞུང་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད། དེ་བཞིན་གསར་འགོད་རང་དབང་མེད་པ་སོགས་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་བཏོན་བཞིན་པ་བཅས་དང་། དམིགས་བསལ་རྒྱལ་ནང་དང་། ཕྱི་ཕྱོགས་ཀྱི་གནས་ཚུལ་དེ་དག་དྲ་རྒྱའི་ནང་བཀོད་ཐོན་རིགས་ལ་དམ་བསྒྲཌ་བྱེད་རྒྱུའི་གནད་དོན་བཅས་བཀོད་ཡོད་པ་རེད། དེ་དང་ཕྱོགས་མཚུངས་གོང་ཞུས་གསང་བའི་ཡིག་ཆ་དེའི་ནང་བཀོད་པར་ལྟར་ན། བོད་རང་བཙན་དང་ཤིན་ཅང་གི་གནད་དོན་ཐོག་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཚོའི་ནུས་ཤུགས་ཆུང་དུ་གཏོང་ཐབས་སུ་ཐབས་བྱུས་འཛིན་དགོས་རྒྱུ་སོགས་གང་ལྟར་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་ཡག་པོ་མེད་པ་དེ་དག་བློ་འགྱུར་ཐབས་བྱེད་དགོས་ཀྱི་རེད། ཕྱི་ཕྱོགས་ནས་རྒྱ་ནག་ལ་སྔང་ཟུག་བྱས་ནས་ང་ཚོའི་ལམ་ལུགས་འགྱུར་བ་གཏོང་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དེ་ནི་ང་ཚོའི་ཡར་རྒྱས་ལ་མི་དགའ་བ་དང་། མིང་ངན་པ་བཟོ་ཐབས་བྱས་ནས་གང་ལྟར་ནུབ་ཕྱོགས་པའི་གོམས་སྲོལ་ང་ཚོར་བཙན་ཤུགས་ཀྱི་སྤྲོད་ཐབས་བྱེད་པ་ཞིག་རེད་ཅེས་བཀོད་ཡོད་འདུག གོང་ཞུས་གནས་ཚུལ་དེ་དག་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ནས་སྤེལ་བ་ཞིག་ཡིན་པའི་སྐོར་ཡང་དྲན་མག་གི་གསར་ཤོག་དེའི་ནང་བཀོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎