རི་ཀྱོ་ལགས་ཀྱིས་ཁ་ཆེམས་འདི་ལྟར་བཞག་འདུག

འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་སུ་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་རི་ཀྱོ་ལགས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱོས་ཞེས་ཁ་ཆེམས་ཡི་གེ་བཞག་འདུག

2012.08.21

དེ་ཡང་ཚངས་དབྱངས་རྒྱ་མཚོས་འདི་གའི་གསར་ཁང་ལ་བརྗོད་དོན། ༢༠༡༢ ཟླ་ ༥ ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༣ ཡས་མས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་སུ་བོད་མི་རིགས་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱི་ཁ་ཆེམས་ཡི་གེ་རྙེད་སོན་བྱུང་བའི་ནང། ཁ་སྐད་བྱས་ཏེ་བྲིས་ཡོད་པ་དེ་ཡང་"འཛམ་གླིང་བདེ་སྐྱིད་ཐོབ་པར་ཤོག རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་བྱོན་ཐུབ་པའི་ཆེད། བཤའ་ཚོང་མ་བྱེད། ཉེ་རིང་ལ་མ་རྐུ། བོད་སྐད་ཤོད། སྲོག་མ་གཅོད། ནང་འཛིང་མ་བྱེད། སེམས་ཅན་ཐམས་ཆད་ཀྱི་སྡུག་བསྔལ་ང་ཡོད་པར་ཤོག ང་མ་ཤི་བར་རྒྱ་ལག་ལ་ཤོར་སོང་ན་ཁྱེད་ཚོས་མ་འཛང་མ་སྣོག (ཡུལ་སྐད།) མཐུན་འབྲེལ་བྱོས། ལག་སྡང་གཅིག་ཏུ་འབྲེལ་ནས་རིག་གནས་སྦྱོང་། རིག་གནས་སྦྱོང་། ང་མེར་བསྲེགས་རྗེས་བཟའ་མི་ཚང་མས་སེམས་མ་སྡུག"ཞེས་འཁོད་འདུག

རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ནི་འཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་ནས་ཡིན་ལ། འཚོ་གནས་འབྲོག་པ་ཡིན་འདུག ཁོ་མོ་ནམ་རྒྱུན་གྲོང་ཕན་ཚུན་ལ་མཐུན་ཐབས་ལ་འབད་པ་དང་། ཉམ་ཐག་ལ་རོགས་པ་བྱེད་པ། དགེ་སྤྱོར་ལ་འབད་པ་བྱེད་མཁན་ཞིག་ཡིན་འདུག་ལ། མེར་བསྲེགས་མ་བཏང་གི་སྔོན་གྱི་ཉིན་མང་པོའི་ནང་ཉིན་མཚན་གཉིས་ལ་ཕྱག་འཚལ་གྱིན་འདུག་པས་སྔོན་མ་ཞིག་ནས་ཁོ་མོས་རང་ལུས་མེར་སྲེག་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད་འདུག ཁོ་མོ་ད་སྐབས་རང་ལོ་ ༣༦ ཡིན་པ་དང་། ཁོ་མོའི་ཕ་མིང་ལ་ཕྱུག་ལོ་དང་། མ་མིང་ལ་རིན་ལྷ། ཁྱོ་གའི་མིང་ལ་སྣང་སྟོང་ཟེར་ཞིང་། ཁོང་གཉིས་ལ་ཕྲུ་གུ་ཆུང་ཆུང་གསུམ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎