རྔ་པ་ཀིརྟིའི་གྲ་བློ་བཟང་མཁས་གྲུབ་ལགས་ཀྱི་སྐོར།

ཀིརྟི་དགོན་པའི་གྲ་བློ་བཟང་མཁས་གྲུབ་ལགས་ཀྱི་སྐུ་ལུས་སྨད་ཞ་བོ་གྱུར་ནས་ཉེ་སྔོན་བཙོན་ནས་གློད་བཀྲོལ་དུ་བཏང་བའི་གནས་ཚུལ་འདུག

2012.01.31

༄༅༎རྒྱ་ནག་གི་གྲོང་ཁྱེར་ཁྲིན་དུ་ཉེ་འགྲམ་དུ་ཡོད་པའི་རྒྱ་མིའི་མི་ཡང་བཙོན་ཁང་ནང་ཉེས་རྡུང་ཚབས་ཆེ་བཏང་བའི་ཤུགས་རྐྱེན་འོག་ཀིརྟི་དགོན་པའི་གྲ་བློ་བཟང་མཁས་གྲུབ་ལགས་ཀྱི་སྐུ་ལུས་སྨད་ཞ་བོ་གྱུར་ནས་ཉེ་སྔོན་གློད་བཀྲོལ་དུ་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། དེ་ཡང་ང་ཚོའི་གསར་འགོད་པས་གནས་ཚུལ་བཏང་བའི་ནང་ ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་བཞི་པའི་ཚེས་ ༢༠ ཙམ་ལ་རྒྱ་ནག་གི་ཉེན་རྟོག་པས གྲ་བློ་བཟང་མཁས་གྲུབ་ལགས་རྔ་པ་ནས་འཛིན་བཟུང་བྱས་ཡོད་ཅིང་། དེ་ནས་ཁོང་གིས་བཀག་ཉར་ཁང་རིམ་པ་འགྲིམ་ནས་མཐའ་མ་ ཕྱི་ལོ་ ༢༠༡༡ གི་ལོ་མཇུག་ཏུ་ལོ་གསུམ་གྱིི་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ དྲེན་རྡུ་གྲོང་ཁྱེར་གྱི་ཉེ་འགྲམ་གྱི་མེ་ཡང་བཙོན་ཁང་ནས་བཞག་ཡོད་པ་རེད་འདུག་། འོན་ཀྱང་ཁོང་བཙོན་ཁང་ནང་དུ་ཡོད་པའི་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེ་བཏང་བའི་ཤུགས་རྐྱེན་འོག་ཁོང་ལུས་སྨད་ཞ་བོ་བཟོས་ནས་མཐའ་མ་ཉེ་སྔོན་ཕྱི་ཟླ་དང་པོའི་ནང་གློད་བཀྲོལ་བཏང་འདུག་། གནད་དོན་དེའི་སྐོར་རྡ་ས་ཀི་རྟི་དགོན་པའི་འབྲེལ་མཐུད་ཀ་ཉག་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ་ གྲ་བློ་བཟང་མཁས་གྲུབ་ལགས་ཀྱི་སྐུ་ལུས་སྨད་ཆ་ཆ་ཚང་ཞ་བོ་བཟོས་པ་དེར་ སྨན་པས་སྨན་བཅོས་བྱེད་ཡག་་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་དང་ ས་གནས་བོད་མི་མང་པོས་ཁོང་ལ་ཐུགས་གསོ་དང་བལྟ་རྟོགས་ཆེད་དུ་ཕེབས་ཀྱི་ཡོད་པ་རེད་འདུག་། སྔོན་ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༡༦་ ཉིན་གྲ་ཕུན་ཚོགས་ལགས་ཀྱིས་སོ་སོའི་སྐུ་ལུས་མེར་མཆོད་རྗེས་རྒྱ་གཞུང་གིས་ཀི་རྟི་དགོན་པའི་ཐོག་དམ་བསྒྲཌ་ནང་དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་འཛིན་བཟུང་བྱས་ནས་དགེ་འདུན་པ་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་ གྲ་བློ་བཟང་མཁས་གྲུབ་ཀྱང་ དེ་དུས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད་འདུག་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎