མི་སྐྱ་ཕོ་མོ་ཚོས་ཀྱང་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན།


2018-12-28
Share
མི་སྐྱ་ཕོ་མོ་ཚོས་ཀྱང་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་སྐྱ་ཕོ་མོ་ཚོས་ཀྱང་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀའ་རྩལ་གནང་འདུག
དགའ་ལྡན་ཕོ་བྲང༌།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༡༢ཚེས་༢༨རེས་གཟའ་པ་སངས་ཀྱི་ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཁབ་བདུན་ཅུ་ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་ཚོར་འཇམ་དབྱངས་ཆོས་འཁོར་གྱི་བཀའ་ཆོས་མ་སྩལ་བའི་གོང་བཀའ་སློབ་སྩལ་གནང་བའི་ནང་དོན་སྙིང་པོར། ནང་ཆོས་ཟེར་དུ་དཔེ་ཆ་བལྟ་ཀློག་དང་ངག་སྐྱོར། དེ་བཞིན་ཆོ་ག་ཕྱག་ལེན་ཙམ་དུ་ཡིད་འཚིམས་ནས་མ་བསྡད་པར་ནང་ཆོས་ཀྱི་དོན་ངོ་མ་ཇི་ཡིན་ཤེས་ཐུབ་པ་བྱེད་དགོས་རྒྱུ་དང་དེ་བཞིན་ཆོས་ཟེར་དུས་དགེ་བཙུན་གཅིག་པུས་བྱེད་རྒྱུ་མ་ཡིན་པར། མི་སྐྱ་ཕོ་མོ་ཚོས་ཀྱང་ནང་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀའ་སྩལ་གནང་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བཅུ་དྲུག་ཉིན་གནས་མཆོག་རྡོ་རྗེ་གདན་དུ་༧ཞབས་སོར་འཁོད་པ་ནས་བཟུང་མུ་མཐུད་ནས་ཆོས་འབྲེལ་དང་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་སོགས་སུ་གསུང་བཤད་གནང་བ་སོགས་ཀྱི་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་མཛད་ཡོད་པ་རེད་ལ་ད་རིང་ཚེས་ཉི་ཤུ་རྩ་བརྒྱད་ནས་དབུ་འཛུགས་ཀྱིས་ཚེས་སུམ་ཅུ་བར་ཆོས་འབྲེལ་དང་དེ་ནས་ཚེས་སུམ་ཅུ་སོ་གཅིག་ཉིན་དབུས་བོད་མིའི་སྒྲིག་འཛུགས་དང་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང་སོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

ཞིབ་ཕྲའི་གནས་ཚུལ་འདི་གའི་ཆེད་གཉེར་གསར་འགོད་པ་པ་སངས་ཚེ་རིང་ལགས་ནས་བཏང་འབྱོར་བྱུང་བ་ཞིག་ལ་གསན་རོགས་གནང༌༎

གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང༌། པ་སངས་ཚེ་རིང༌།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།