དང་བླངས་ཀྱིས་སྤྱི་ཚོགས་ཕན་བདེའི་ལས་དོན་གྲུབ་པར་བསྔགས་བརྗོད།

བཀའ་ཁྲི་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གོ་ཊའི་བོད་མི་ཚོས་དང་བླངས་ཀྱི་སྒོ་ནས་སྤྱི་ཚོགས་ཕན་བདེའི་ལས་དོན་གྲུབ་པར་བསྔགས་བརྗོད།

2012.06.20

༄༅༎བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གོ་ཊའི་བོད་མི་ཚོས་དང་བླངས་ཀྱིསྒོ་ནས་་སྤྱི་ཚོགས་ཕན་བདེའི་ལས་དོན་གྲུབ་པར་བསྔགས་བརྗོད་གནང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་མོན་གོ་ཊ་ནས་ཡིན་པ་ལོ་༢༡་སོན་པའི་བོུ་ཞིག་ལ་རུས་པའི་རྐང་དམར་གྱི་ནད་གཞི་ཚབས་ཆེན་པོ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས། ནད་གཞི་དེར་གཤག་བཅོས་ཀྱི་སྨན་བཅོས་ཐབས་ལམ་ཁོ་ནས་ལས་མེད་པ་དང༌། དེ་ཡང་གང་མགྱོགས་གཤག་བཅོས་མ་བྱས་ན་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་གནས་སྟངས་འོག་སྨན་བཅོས་ཀྱི་འགྲོ་གྲོན་ནི་ཧིན་སྒོར་འབུམ་བཅུ་ནས་བཅིུས་བར་ཐོབ་ཀྱི་ཡོད་པ་དང༌། བོུ་དེ་ནི་ཕ་མེད་པར་་མ་དང་སྤུན་མཆེད་བདུན་ཡོད་པའི་ཁྱིམ་ཚང་ཉམ་ཐག་ཅིག་ཡིན་པར་བརྟེན་སྨན་གྲོན་ཆེན་པོ་འདི་་ལྟ་བུ་སྒྲུབ་ཐབས་རྩ་ནས་མེད་པར་གྱུར་ཡོད་པ་རེད། དེར་བརྟེན་མོན་གོ་ཊ་ས་གནས་ཀྱི་གཞོན་སྐྱེས་ཁག་ཅིག་གིས་མ་སྐུལ་དང་བླངས་ཐོག་ནས་ཐོུང་ཀྱི་ཚོགས་པ་དང༌། གཞིས་གྲོང་དགུ་པའི་ཕོ་གསར་ཚོགས་པ་སོགས་བཙུགས་ཏེ། གྲོང་མི་སོ་སོའི་སར་བསྐོར་བསྐྱོད་ཀྱིས་ཞལ་འདེབས་བསྡུ་རུབ་བྱས་པ་དང༌། ད་དུང་ས་གནས་དེར་ཆགས་པའི་ས་སྐྱ་མདོ་སྔགས་ཆོས་གླིང་དགོན་པ་དང། ཕྱི་རྒྱལ་ཡུལ་གྲུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག  ཁེ་ན་ཊ། བྷེལ་ཇམ་སོགས་ནས་སེམས་འཁུར་ཆེ་བསྐྱེད་ཀྱིས་ཞལ་འདེབས་བསྡུ་རུབ་གནང་བ་ཁྱོན་བསྡོམས་ཧིན་སྒོར་ས་ཡ་གཅིག་དང་འབུམ་བདུན་ལྷག་བྱུང་ཡོད་ལ། ད་དུང་ཁག་ཅིག་གིས་ངོ་དེབ་(Facebook)ཐོག་ལ་ཞལ་འདེབས་གནང་མཁན་ཡོང་བའི་དྲིལ་བསྒྲགས་བྱས་པ་སོགས། མི་དམངས་ཀྱིས་མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཕན་བདེའི་ལས་དོན་འདི་ལྟ་བུ་སྤེལ་བ་དེ་ནི། བཀའ་ཤག་གིས་འབད་བརྩོན་གནང་བཞིན་པའི་ཆིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོའི་་ལྟ་གྲུབ་གསུམ་དང་མཐུན་པའི་ལས་དོན་ཞིག་ཡིན་པ་བཀའ་ཁྲི་མཆོག་གིས་བསྔགས་བརྗོད་གནང་ཡོད་པ་མ་ཟད། རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ད་ཆ་བོུ་དེ་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཊུའི་མངའ་སྡེའི་ཡེ་ཤུའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎