རྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཟུར་པའི་ཆུང་མས་རྒྱ་ནག་ལ་སྐྱོན་བརྗོད།


2019.03.29
རྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ(Meng HongWei) རྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ(Meng HongWei)
AP

རྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཟུར་པའི་ཆུང་མས་ཁོང་གི་བཟའ་ཟླར་རྒྱ་ནག་གཞུང་གིས་ཉེས་འཛུགས་བྱས་པ་དྲང་བདེན་མིན་པའི་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་དོ་དམ་བྱས་པ་དེ་སྔརྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཀྱི་གོ་གནས་བཟུང་མཁན་རྒྱ་ནག་གི་དཔོན་རིགས་ མང་ཧོང་ཝེཡི(Meng Hong wei)ཡི་ཆུང་མས་རྒྱ་ནག་གཞུང་གིས་ཁོང་གི་བཟའ་ཟླར་བཙུགས་པའི་ལྐོག་ཟའི་ཉེས་པ་དེ་ཚོ་དྲང་བདེན་མིན་པ་དང་། གནད་དོན་གཙོ་བོ་དེ་ནི་ཁོང་ལ་ཆབ་སྲིད་དང་འབྲེལ་རྡུང་རྡེག་གཏོང་བཞིན་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་རེད།
མང་ཧོང་ཝེཡི་(Meng HongWei) ཡིས་སྔ་ལོ་རྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཀྱི་འགན་འཁུར་བྱེད་མུས་ཐོག་ཁོ་པ་རྒྱ་ནག་ལ་བསྐྱོད་པའི་ལམ་བར་གར་སོང་ཆ་མེད་འགྱུར་ཡོད་པ་དང་། རྗེས་སུ་ཧྥ་རན་སི་(France) གི་གྲོང་ཁྱེར་ ལིཡོན ་(Lyon)ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེན་རྟོག་ལས་ཁུངས་ཀྱིས་སྔ་ལོའི་ཕྱི་ཟླ་༡༠པའི་ནང་། ཁོ་པ་ཉེན་རྟོག་སྤྱི་ཁྱབ་ཀྱི་འགན་འཁུར་ནས་དགོངས་ཞུ་བྱས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
མང་ཧོང་ཝེཡི་(Meng Hong Wei)་ཡི་ཆུང་མ་ གྷརེསྀ་མང་(Grace Meng)་དང་ཁོང་གཉིས་ཀྱི་བུ་ཕྲུག་བཅས་པ་ཧྥརནསི་(France) ནང་ཆབ་སྲིད་སྐྱབས་བཅོལ་ཞུ་བཞིན་ཡོད་པ་དང་། ཉིན་ཤས་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་(Xi Jinping)་ཧྥ་རན་སིའི་ནང་རྒྱལ་དོན་གཟིགས་བསྐོར་ལ་ཕེབས་པའི་སྐབས། མང་ཧོང་ཝེཡི (Meng Hong Wei) ཡི་གནད་དོན་སྐོར་གླེང་སློང་བྱུང་བའི་རྗེས་སུ། རྒྱ་ནག་གཞུང་གིས། མང་གིས་དབང་ཆ་བེད་སྤྱོད་ལོག་པ་བཏང་བ་དང་གཞུང་དངུལ་ལྐོག་བཟའ་བྱས་ཏེ་་རྒྱས་སྤྲོས་ཆེ་བའི་འཚོ་བར་ལོངས་སྤྱོད་བྱས་པ་སོགས་ཀྱི་ནག་ཉེས་བསགས་ཡོད་ལུགས་སྐྱོན་འཛུགས་བྱས་ཡོད་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་རྟོག་ཞིབ་ཚན་པས་ཀྱང་། མང་ཡིས་ལྐོག་དངུལ་བླངས་པའི་དོགས་གཞི་ཡོད་ལུགས་དང་། ཁོ་པས་རྒྱལ་ཁབ་ཀྱི་རྩ་དོན་དང་དམར་ཤོག་ཚོགས་པར་ལྟ་ཚུལ་མི་ལེགས་པ་བཟོས་པའི་ནག་ཉེས་བསགས་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་རེད།
ཁོང་གི་ཆུང་མ་(Grace Meng) གིས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་ཐོག་ཆབ་སྲིད་ཀྱི་དགོས་དོན་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་རྡུང་རྡེག་གཏོང་བཞིན་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎