དབྱིན་ཇིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ཞིག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད།


2019.12.17
རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་(Mesut Ozil)་ལགས་ཀྱི་ངོ་དེབ་དྲ་ངོས། ༢༠༡༩ རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་(Mesut Ozil)་ལགས་ཀྱི་ངོ་དེབ་དྲ་ངོས། ༢༠༡༩
དྲ་བཤུས།

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་དབྱིན་ཇིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ཞིག་གིས་སྐྱོན་བརྗོད་བྱས་པ་དང་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག
ཇར་མ་ནི་ནས་(Germany)ནས་ཡིན་པ་དེང་སྐབས་དབྱིན་ཇིའི་(Arsenal)་ཞེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཁོངས་ཀྱི་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་(Mesut Ozil)་ལགས་ཀྱིས་གཟའ་པ་སངས་ཉིན། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་རྣམས་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དང་། ཡུ་གུར་མི་རིགས་དེ་དག་ནི་དྲག་གནོན་ལ་འགོག་རྒོལ་བྱེད་མཁན་དཔའ་བོ་ཡིན་པའི་བསྟོད་བསྔགས་གནང་བ་དང་། ད་དུང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཁ་ཆེའི་དཔེ་ཆ་རྩ་ཆེ་ཤོས་(Quran)་མེར་བསྲེགས་གཏོང་གི་ཡོད་པ་དང་། ཁ་ཆེའི་ཕྱག་འཚལ་ཁང་ཁག་དང་ཁ་ཆེའི་ཆོས་ཕྱོགས་ཀྱི་སློབ་གྲྭ་ཁག་སྒོ་རྒྱག་གི་ཡོད་པ། ཁ་ཆེའི་མཁས་པ་རྣམས་རེ་རེ་བཞིན་གསོད་ཀྱི་ཡོད་ན་ཡང་ཁ་ཆེ་བ་གཞན་ཚོ་ཁ་ཁུ་སིམ་མེར་བསྡད་ཡོད་སྐོར་སྤྱི་ཚོགས་དྲ་ལམ་བརྒྱུད་དགོངས་ཚུལ་བཏོན་ཡོད་པ་དང་། དེར་མི་གྲངས་ཁྲི་ཚོ་མང་པོས་དྲ་ལམ་བརྒྱུད་དགའ་མོས་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་རེད། དེའི་རྗེས་སུ་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ལས་ཁང་(CCTV)་ཡིས་གཟའ་ཉི་མའི་ཉིན་དབྱིན་ཡུལ་གྱི་(Arsenal)་དང་(Manchester)་རྐང་རྩེད་པོ་ལོའི་རུ་ཁག་གཉིས་དབར་གྱི་རྩེད་འགྲན་དེ་བཞིན་རྒྱ་ནག་ནང་རྒྱང་སྲིང་བྱས་མེད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་ཐད་སེམས་ཚབས་དང་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མུས་ལ་མ་བལྟོར་པར་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་(GengShung)་ཡིས། (Ozil)་ནི་གནས་ཚུལ་རྫུན་མ་འགའ་ཤས་ཀྱིས་ལོང་བ་བཟོས་པ་ཡིན་ཚུལ་དང་། ཤིན་ཅང་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་མེད་ཚུལ་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་བྱས་འདུག
བཞུགས་སྒར་རྡ་རམ་ས་ལར་གནས་བཞུགས་དང་དབྱིན་ཇིའི་(Arsenal)་རྐང་རྩེད་པོ་ལོའི་རུ་ཁག་ལ་མི་ཚེ་ཧྲིལ་པོའི་རིང་དགའ་མོས་གནང་མཁན་བསྟན་འཛིན་དར་རྒྱས་ལགས་ཀྱིས། རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་(Mesut Ozil)་ལགས་ལ་རང་གི་དགོངས་ཚུལ་བཏོན་གནང་རྒྱུ་དང་། དཀའ་སྡུག་མྱོང་བཞིན་པའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་གླེང་རྒྱུའི་ཐོབ་ཐང་ཡོད་པ་གསུངས་ནས། ཁོང་གིས་ཞེད་སྣང་མེད་པར་རྒྱ་ནག་གཞུང་གི་ནོར་འཁྲུལ་ལ་ངོ་རྒོལ་གནང་སྟབས་ཁོང་གི་བྱ་སྤྱོད་ལ་རྩེད་ཐང་ཕྱི་ནང་གཉིས་ཀ་ནས་གུས་བརྩི་ཞུ་ཡི་ཡོད་སྐོར་ཕ་ཡུལ་གསར་ལས་ཁང་ལ་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎