༸གོང་ས་མཆོག་ལ་ཕྱག་འཁྱེར་འབུལ་རྒྱུ་ཕྱིར་འཐེན།

རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲད་པའི་རྒྱུ་མཚན་གྱིས་མི་ལའན་གྲོང་ཁྱེར་གྱིས་ཆེ་མཐོང་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ་ཕྱིར་འཐེན།

2012.06.23

༄༅༎བདུན་ཕྲག་རྗེས་མའི་ནང་ཨི་ཊ་ལིའི་མི་ལའན་གྲོང་ཁྱེར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་མཐོང་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ་ཡིན་པ་དེ་སྔ་ནས་གསལ་བསྒྲགས་ཟིན་པ་དེ་ལྟར་ཡང༌། རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲད་པའི་རྒྱུ་མཚན་གྱིས་ ད་ཆ་གྲོང་ཁྱེར་དེ་ནས་སྔོན་དུ་གསལ་བསྒྲགས་ཟིན་པའི་འཆར་གཞི་དེ་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་འདུག

དེ་ཡང་༧གོང་ས་ཆེན་པོ་མཆོག་ལ་ཆེ་མཐོང་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་སྐབས། མི་ལའན་གྲོང་ཁྱེར་སྤྱི་ཁྱབ་ཇུ་ལི་ཡ་ནོ་པི་ས་པིཨ་ཡིས། ང་ལ་གྲོང་ཁྱེར་འདིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་གི་འགོ་འཁྲིད་ཀྱིས། ཏྭ་ལའི་བླ་མར་ཆེ་མཐོང་མི་སེར་གྱི་ཕྱག་འཁྱེར་འབུལ་བ་ཡིན་ན། དེ་ནི་རྒྱ་ནག་མཉམ་འབྲེལ་ལམ་བཟང་པོ་བཞག་འདོད་མེད་པའི་རྟགས་མཚན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡིན་ཞེས་བཤད་ཡོད་པ་འགྲེལ་བརྗོད་གནང་འདུག་པ་ལྟར། གནས་ཚུལ་ནང་དུའང་འཁོད་གསལ་ལ། ད་ལམ་གྱི་དོན་རྐྱེན་འདི་ཡོང་དགོས་པའི་རྐྱེན་རྩ་ནི། ཕྱི་ལོ་ ༢༠༡༥ འི་ལོར་གྲོང་ཁྱེར་མི་ལའན་ནང་རྒྱལ་སྤྱིའི་ཚོང་ལས་འགྲེམ་སྟོན་ཆེན་པོ་ཞིག་ཚུགས་རྒྱུའི་འཆར་གཞི་ཡོད་པར། གལ་སྲིད་༧གོང་ས་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་འབུལ་བ་ཡིན་ན། ཚོང་ལས་འགྲེམ་སྟོན་དེའི་ནང་རྒྱ་ནག་མཉམ་ཞུགས་བྱ་རྒྱུ་མིན་པའི་སྐོར། ཨིཊ་ལི་གཞུང་དང་གྲོང་ཁྱེར་མི་ལའན་བཅས་པའི་ཐོག་བརྡིག་སྐུལ་བྱས་ཡོད་པར་བརྟེན་མི་ལའན་གྲོང་ཁྱེར་ནས་ད་ལམ་གྱི་ཐག་གཅོད་དེ་བྱས་ཡོད་པ་དང༌། རྒྱ་ནག་གི་གནོན་ཤུགས་འོག་འདི་ལྟབུའི་ཐག་གཅོད་བྱས་པ་དེར་མི་ལའན་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་དང༌། དེ་བཞིན་ཨི་ཊ་ལིའི་ས་གནས་གཞུང་གཞན་ཚོས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་པ་དཔེར་ན། གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་པིཡེ་ཏོརོ་ཊ་ཊ་རེ་ལ་ཡིས། འདི་ལྟ་བུའི་ཞེད་སྣང་བྱེད་མཁན་གྱི་གྲོང་ཁྱེར་ལྷན་ཚོགས་ཤིག་གི་ཚོགས་མི་ཡིན་པར་ངོས་རང་ངོ་ཚ་གི་འདུག་ཅེས་གསུངས་འདུག་པ་དང༌། ཡང་ཨི་ཊ་ལིའི་མ་ཊེ་ར་གྲོང་ཁྱེར་སྤྱི་ཁྱབ་ཀྱིས། མི་ལའན་གྲོང་ཁྱེར་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་ཆབས་ཅིག གྲོང་ཁྱེར་དེ་ནས་༧གོང་ས་ཆེན་པོ་མཆོག་ལ་ཆེ་མཐོང་མི་སེར་གྱི་ཕྱག་འཁྱེར་འབུལ་གྱི་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎