མིས་བཟོས་རིག་ནུས་ལ་བརྟེན་ནས་མི་འགྱུར་རིན་པོ་ཆེ་ཡི་གསུང་སྐད་རྫུན་བཟོ་བྱས་བའི་གནས་ཚུལ་བྱུང་འདུག

2024.05.29
མིས་བཟོས་རིག་ནུས་ལ་བརྟེན་ནས་མི་འགྱུར་རིན་པོ་ཆེ་ཡི་གསུང་སྐད་རྫུན་བཟོ་བྱས་བའི་གནས་ཚུལ་བྱུང་འདུག ཡོངས་དགེ་མི་འགྱུར་རིན་པོ་ཆེ། ༠༥།༢༩།༢༠༢༤
RFA/Dhasa

དེང་སྐབས་འཛམ་གླིང་འདིར་དྲྭ་རྒྱ་དང་མིས་བཟོས་རིག་ནུས་(AI)་སོགས་དར་ཁྱབ་ཤུགས་ཆེར་ཕྱིན་པ་དང་ཆབས་ཅིག་ཏུ། ཤར་ནུབ་གང་སར་དེང་སང་(Deepfake)་ཞེས་བཅོས་མའི་རིག་ནུས་ལ་བརྟེན་ནས་སྲིད་དོན་པ་དང་ཚོང་བ། གློག་བརྙན་འཁྲབ་སྟོན་པ་སོགས་མི་སྣ་གྲགས་ཅན་མང་པོའི་གསུང་སྐད་དྲ་ཐོག་ཏུ་རྫུན་བཟོ་བྱས་ཏེ། མི་ཚོར་གང་བྱུང་མགོ་སྐོར་གཏོང་བའི་གནས་ཚུལ་ཉེན་ཚབས་ཅན་འདྲ་མིན་ལྷག་བཞིན་པ་ལྟར། ཉེ་ལམ་བཙན་བྱོལ་ནང་ཕྱི་རྒྱལ་མི་རིགས་དང་བོད་མི་སོགས་ལ་སྒོམ་ཁྲིད་གནང་མཁན་གྲགས་ཅན། ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་གསུང་སྐད་ཀྱང་མི་ཁག་ཅིག་གིས་རྒྱ་སྐད་ཀྱི་ལམ་ནས་རྫུན་མ་བཟོས་ཏེ། རྫུན་བཟོ་བྱེད་མཁན་ཚོའི་བསམ་ཚུལ་ཇི་བཞིན་དུ་སྒྲོག་སྤེལ་བྱས་ཡོད་པ་མ་ཟད། ཁོང་གི་གསུང་སྐད་རྫུན་མ་བེད་སྤྱོད་ཀྱིས་དྲྭ་ཐོག་ནས་ཞལ་འདེབས་ཀྱང་བསྡུས་པའི་གནས་ཚུལ་བྱུང་ཡོད་པ་དང་། རིམ་པས་མི་འགྱུར་རིན་པོ་ཆེ་ཡི་སློབ་མ་ཚོས་ཤེས་རྟོགས་ཀྱིས་རིན་པོ་ཆེ་ལ་བརྡ་ལན་ཕུལ་ཡོད་པ་དང་། མི་ཁག་ཅིག་གིས་ངོ་དེབ་ཀྱི་ཐོག་ཏུའང་རིན་པོ་ཆེའི་སྐུ་པར་དང་མཚན་བྲིས་ནས། ཁག་ཅིག་ལ་ཁ་པར་བཏང་བ་དང་ཡི་གེ་བྲིས་པ་སོགས་ཀྱི་ལམ་ནས་ཞལ་འདེབས་སློང་གི་ཡོད་པར། ཁ་ཤས་ཀྱིས་ཞལ་འདེབས་ཕུལ་བའི་གནས་ཚུལ་ཀྱང་ལྷག་ཡོད་པ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་ཡིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་ཁོང་ཚོའི་ཆོས་ཚོགས་ཀྱིས་མི་དེ་གྲས་ཁྲིམས་ལ་གཏུགས་པ་སོགས་གནང་གི་མེད་ནའང་། གནས་ཚུལ་དེ་འདྲ་ལྷག་བཞིན་པའི་མགོ་སྐོར་འོག་མ་ཚུད་པ་གནང་རོགས་ཞེས་སློབ་མ་ཚོར་ཡིད་གཟབ་གནང་དགོས་ཀྱི་བརྡ་ལན་ཕུལ་བ་མ་ཟད། ཁོང་ཚོའི་ཤར་ནུབ་ཀྱི་ཆོས་ཚོགས་ཆ་ཚང་(www.tergarsangha.org)་ཟེར་བའི་ནང་བཀོད་ཡོད་པ་མ་གཏོགས། གཞན་ཚང་མ་ང་ཚོའི་མ་རེད་ཅེས་གསལ་བརྡ་གནང་ཡོད་ཅེས་ངོ་སྤྲོད་གནང་བྱུང་།


དབྱིན་སྐད་ལ་(Deepfake)་ཞེས་བཅོས་མའི་རིག་ནུས་ཀྱི་ལམ་ནས་དབྱིན་ཇིའི་མི་རིགས་ཡིན་པ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་དང་། ནང་ཆོས་ཉམས་ལེན་པ་གྲགས་ཅན། དགེ་སློང་མ་བསྟན་འཛིན་དཔལ་མོ་ལགས་ཀྱི་གསུང་ཡང་རྫུན་མ་བཟོས་ཏེ་དྲྭ་ཐོག་ནས་ཁྱབ་སྤེལ་བྱས་ཡོད་པ་དང་། དོ་བདག་གི་སྐད་གདངས་དང་ཧ་ཅང་འདྲ་བོའི་ལམ་ནས་གཞན་གྱི་སྐད་ཆ་རྫུན་མ་བཟོས་ནས་བཀྲམས་བཞིན་པ་འདི་འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་གར་ནང་དུའང་དར་ཁྱབ་ཆེན་པོ་འགྲོ་བཞིན་པར་བརྟེན། (The Economic times)་དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་བཏོན་པའི་ནང་། འདས་པའི་ཟླ་ངོ་བཅུ་གཉིས་ཀྱི་རིང་རྒྱ་གར་ནང་མི་ཚོས་བལྟ་བཞིན་པའི་དྲྭ་ཐོག་གི་གནས་ཚུལ་བརྒྱ་ཆ་༧༥རྫུན་བཟོ་ཡིན་པ། (Cybersecurity Company McAfee)་བཟོ་ཚོང་ཁང་གིས་རྟོག་ཞིབ་ཀྱི་གྲུབ་དོན་ཐོན་ཡོད་པར་བརྟེན། ཉེ་བའི་ཆར་རྒྱ་གར་སྲིད་བློན་མོ་དྷིས་ཡིས་སྤྱི་ཚོགས་དྲྭ་ལམ་དང་དྲྭ་རྒྱའི་ཐོག་གནས་ཚུལ་རྫུན་མ་སྤེལ་མཁན་ཚོར་ཉེན་བརྡ་དང་ཆབས་ཅིག ཚད་ལྡན་གནས་ཚུལ་འགོད་སྤེལ་བ་འབྲེལ་ཡོད་ཚོས་ཀྱང་སྟངས་འཛིན་ཡག་པོ་གནང་དགོས་པའི་འབོད་སྐུལ་དང་ལམ་སྟོན།ཉེན་བརྡ་ལ་ཉན་འཇོག་མི་བྱེད་མཁན་ཚོར་ཁྲིམས་ལྟར་ཉེས་ཆད་གཏོང་རྒྱུའི་གསལ་སྟོན་ཀྱང་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎