མ་ཡན་མར་ཡུལ་གྱི་དམག་མིས་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་ཨ་རིས་ཉེས་འཛུགས་བྱས་འདུག

2022.03.21
མ་ཡན་མར་ཡུལ་གྱི་དམག་མིས་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་ཨ་རིས་ཉེས་འཛུགས་བྱས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ཡིས་འགྲེམས་སྟོན་ལ་གཟིགས་བཞིན་པ། ༠༣།༢༡།༢༠༢༢
AP

དེ་ཡང་(AP)་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢༡་གཟའ་ཟླ་བའི་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས་རྒྱལ་ས་ཝ་ཤིན་ཀྲོན་ནང་ཡོད་པའི་(Holocust)་འགྲེམས་སྟོན་ཁང་དུ། མ་ཡན་མར་ཡུལ་གྱི་ཁ་ཆེ་རོ་ཧིན་རྒྱ་(Rohingya)་མི་རིགས་ཚོའི་ཐོག་བྱུང་བའི་དངོས་ཡོད་གནས་ཚུལ་གྱི་འགྲེམས་སྟོན་ཐོག་ཕེབས་ནས་གཟིགས་སྐོར་གནང་བ་དང་། སྐབས་དེར་མ་ཡན་མར་ཡུལ་གྱི་དམག་མིས་ཡུལ་དེའི་ནང་ཡོད་པའི་རོ་ཧིན་རྒྱ་ཁ་ཆེའི་མི་རིགས་ཚོའི་ཐོག་དྲག་གནོན་བྱས་ནས་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པར་ཨ་རིའི་གཞུང་གིས་ངོས་འཛིན་གནང་རྒྱུ་ཡིན་ལུགས་གསུངས་འདུག

Myanmar.jpg
གོང་ཞུས་གནས་ཚུལ་དེའི་རྒྱབ་ལྗོངས་ནི། དེ་སྔ་ཕྱི་ལོ་༢༠༡༧ལོར་སྐབས་དེའི་མ་ཡན་མར་གཞུང་གི་དམག་མིས་མ་ཡན་མར་ནང་གནས་སྡོད་ཁ་ཆེའི་ཆོས་བྱེད་པ་གྲངས་ཉུང་མི་རིགས་སམ་རོ་ཧིན་རྒྱ་ཞེས་པའི་མི་རིགས་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱས་པའི་རྐྱེན་གྱིས་མི་གྲངས་འབུམ་བདུན་ལྷག་ཙམ་ཞིག་ཁྱིམ་མཚེས་བྷང་ལ་ངྷེ་ཤེའི་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། ཁོང་ཚོའི་ཐོག་དམག་མིས་བྱ་སྤྱོད་སྤེལ་སྟངས་དེ་ནི་ཆེད་དུ་མངགས་ནས་མི་རིགས་རྩ་མེད་བཟོ་པའི་སྲིད་བྱུས་ཞིག་ཡིན་ལུགས་སྐབས་དེར་སྐྱོན་བརྗོད་བྱས་ཡོད་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཁང་ནས་ཀྱང་ཁྲིམས་བཤེར་བྱས་ཡོད་པ་རེད། འོན་ཀྱང་སྔ་ལོ་ཕྱི་ལོ་༢༠༢༡ལོར་སྐབས་དེའི་མང་གཙོའི་ལམ་ལུགས་ལྡན་པའི་གཞུང་མགོ་རྟིང་སློག་ཏེ་ད་ལྟའི་ཆར་དྲག་པོའི་དམག་གི་སྲིད་གཞུང་ནས་གཞུང་འཛིན་བཞིན་ཡོད་པ་རེད། འོན་ཀྱང་ཨ་རིའི་གཞུང་ནས་དེ་སྔའི་བྱུང་རབས་ལ་ཞིབ་འཇུག་གནང་བ་བརྒྱུད་ད་ཆ་གནད་དོན་དེ་བཞིན་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་པ་ཞིག་ཡིན་པའི་ངོས་འཛིན་དང་འབྲེལ་གསལ་བསྒྲགས་གནང་བ་ཡིན་འདུག་ལ། དེས་རང་བཞིན་གྱི་རྒྱལ་སྤྱིའི་ཐོག་ནས་མ་ཡན་མར་ཡུལ་གྱི་དམག་མིར་ལེ་ཁག་ཡོད་པ་ཞིག་དང་། དེར་གཞིགས་པས་དཔལ་འབྱོར་ཉེས་ཆད་ལ་སོགས་པ་ཤུགས་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
འོན་ཀྱང་ད་བར་མ་ཡན་མར་གྱི་སྐབས་དེའི་སྲིད་གཞུང་དང་ད་ལྟའི་དམག་གིས་དབང་བསྒྱུར་བའི་གཞུང་གཉིས་ཀས་ཉེས་འཛུགས་དེར་ཁས་ལེན་བྱེད་ཀྱི་མེད་པ་རེད་། མ་ཡན་མར་གྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུའི་ཆི་ཡུལ་དེའི་དྲག་པོའི་གཞུང་གིས་སྔ་ལོར་ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ནས་ད་ལྟ་བཙོན་འཇུག་འོག་གནས་མུས་ཡིན་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་སྦྲགས། རྗེས་འཇུག་སློབ་མ་རྣམས་ནས་སྡོམ་ཁྲིམས་ཚུལ་བཞིན་སྲུང་དགོས་པའི་བཀའ་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎