འབར་མའི་ལོ་གསར་སྲུང་བརྩི་སྐབས་དམག་གཞུང་གིས་གནམ་ཐོག་ནས་དྲག་རྒོལ་གྱིས་མི་ལྔ་རྐྱེན་ལམ་དུ་ཕྱིན་འདུག

2025.04.15
འབར་མའི་ལོ་གསར་སྲུང་བརྩི་སྐབས་དམག་གཞུང་གིས་གནམ་ཐོག་ནས་དྲག་རྒོལ་གྱིས་མི་ལྔ་རྐྱེན་ལམ་དུ་ཕྱིན་འདུག ནང་པའི་དགོན་པ་ཞིག་ཐོག་རྒོལ་རྡུང་ཕོག་ནས་ཞིག་པ། ༢༠༢༥།༤།༡༤
RFA

འབར་མའི་ལོ་གསར་སྲུང་བརྩི་སྐབས་དམག་གཞུང་གིས་གནམ་ཐོག་ནས་དྲག་རྒོལ་གྱིས་མི་ལྔ་རྐྱེན་ལམ་དུ་ཕྱིན་པ་དང་། གཞན་ ༢༦ ལ་རྨས་སྐྱོན་ཕོག་ཡོད་པ་ས་གནས་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

རེས་གཟའ་ཉི་མ་དང་ཟླ་བ་གཉིས་སུ་བྱུང་བའི་དྲག་རྒོལ་དེ་འབར་མའི་སྲོལ་རྒྱུན་ལོ་གསར་འགོ་བཙུགས་པའི་ཐོག་མར་དགོན་སྡེ་ཁག་ལ་དམིགས་ཡོད་ཅིང་། དེ་རྗེས་ཕྱོགས་གཉིས་ནས་གནས་སྐབས་འཁྲུགས་མཚམས་འཇོག་རྒྱུར་གསལ་བསྒྲགས་བྱས་ཀྱང་འཁྲུག་པ་མུ་མཐུད་རྒྱག་བཞིན་ཡོད་ལ། དུས་སྐབས་དེ་ལྟ་བུའི་སྐབས་སུ་དགོན་སྡེ་ཁག་ལུང་པའི་ཡུལ་གྱར་བ་རྣམས་ཀྱི་ཉེན་ཡོལ་ས་གནས་གཙོ་བོ་དེ་ཆགས་ཡོད།

དཔེར་ན། ས་གཱ་ཡིང་ས་ཁུལ་གྱི་ཀ་ནི་རྫོང་ནང་། གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༨ པའི་ཙམ་ལ་དམག་གཞུང་གི་གནམ་གྲུས་དགོན་པ་ཞིག་ལ་རྒོལ་རྡུང་བྱས་ཡོད་པ་དང་། སྐབས་དེར་དགོན་པའི་ནང་མི་མང་རྣམས་དུས་ཆེན་སྲུང་བརྩའི་ཆེད་བཅར་གཏན་འཁེལ་ཡོད། ཅེས་ས་གནས་ཡུལ་མི་ཞིག་གིས་འགྲེལ་བརྗོད་གནང་ཡོད།

"ཐ་མིན་ཅན་གྲོང་གསེབ་ཀྱི་དགེ་འདུན་པ་རྣམས་ཀྱི་ནང་ནས་གཉིས་འདས་གྲོངས་སུ་གྱུར་བ་དང་གཉིས་ལ་ཛ་དྲག་གི་རྨས་སྐྱོན་ཕོག་ཡོད།" ཅེས་བདེ་འཇགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་མིང་བརྗོད་འདོད་མེད་པ་ཞིག་གིས་བརྗོད་ཡོད། དེ་བཞིན་ཁོང་གིས་མུ་མཐུད། "འབོམ་དེ་ཅུང་སྔ་ཙམ་ལྷུང་བས་དགོན་པའི་ནང་དགེ་འདུན་པ་ཁོ་ན་འདུག དགེ་འདུན་པར་བསོད་ནམས་གསོག་པ་དང་ཞབས་ཕྱི་ཞུ་བར་ཡོང་མཁན་རྣམས་ད་དུང་འབྱོར་མེད།" ཅེས་བརྗོད་ཡོད།

དེ་བཞིན་ཉེ་འཁོར་གྱི་གྲོང་གསེབ་ཅིག་ཏུའང་འབོམ་ལྷུང་སྐབས་བུད་མེད་ཅིག་ལ་ཛ་དྲག་གི་རྨས་སྐྱོན་ཕོག་ཡོད། ཅེས་ཐ་ལི་ཡུལ་མི་ཞིག་གིས་འགྲེལ་བརྗོད་གནང་འདུག

དེ་ལྟར་འབར་མའི་དམག་གི་སྲིད་གཞུང་གིས་ཕྱོགས་འགལ་གྱེན་ལོག་ཚོགས་པར་དམིགས་ཏེ་རྒོལ་རྡུང་གཏོང་བཞིན་པའི་ལས་འགུལ་ཁྲོད། དགོན་སྡེ་ཁག་ལ་དམིགས་འཛུགས་བྱས་རྐྱེན་དགེ་འདུན་པ་དང་། མི་མང་དཀྱུས་མ་མང་པོ་རྐྱེན་ལམ་དུ་གྱུར་བ་དང་། གཞན་མང་པོར་གནོད་སྐྱོན་ཕོག་ཡོད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མཐོང་མཆན་འཛིན་མཁན་ལས་བྱེད་རྣམས་ཀྱང་ཕོགས་མེད་གུང་སེང་ལ་གཏོང་དགོས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཝིཡེཏ་ནམ་ Vietnam ནང་ལོང་ཐོ་ Long Tho Cremation Park དུར་ཁྲོད་དུ་འོར་འདྲེན་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎