བེུད་ནོ་བེལ་བྱ་དགའ་བཞེས་མཁན་གྱིས་འབོད་སྐུལ་གནང་སྐོར།

སུའུ་ཌའན་དང་འབར་མའི་ཡུལ་གྲུ་དེ་དག་གི་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་གལ་འགངས་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག་

2008-09-30
Share

༄༅༎གཟའ་ཟླ་བའི་ཉིན་བེུད་ནོ་བེལ་བྱ་དགའ་བཞེས་མཁན་ཁག་ཅིག་གིས་ཨཕ་རི་ཀའི་སྤྱི་མཐུན་ཡུལ་གྲུ་ཁག་གི་དབུ་འཁྲིད་ཚོས་སུའུ་ཌའན་གྱི་མི་དམངས་ལས་སུའུ་ཌའན་གྱི་སྲིད་འཛིན་སྲུང་སྐྱོབ་བྱ་རྒྱུ་གལ་འགངས་ཆེ་བར་རྩིས་བཞིན་པ་ལྟར་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་འགོ་འཁྲིད་ཚོས་ཀྱང་འབར་མའི་ནང་གནད་དོན་ཐོག་སླེབས་སྐབས་དེ་མཚུངས་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཕྱི་ལོ་༡༩༩༧ལོའི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཇོ་ཌི་ལྦི་ལི་ཡེམ་སེ་གྱིས་ཨཕ་རི་ཀའི་སྤྱི་མཐུག་སྒྲིག་འཛུགས་ཀྱི་ཡུལ་གྲུ་ཁག་དང་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སོགས་པ་སྡེ་ཚོགས་དེ་དག་གིས་ཁོང་ཚོའི་ལས་དོན་གཙོ་བོ་ནི་ཡུལ་གྲུ་དེ་དག་ནང་གི་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ལས་ ཡུལ་གྲུ་དེ་དག་གི་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་གལ་འགངས་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག་ལ་ ད་དུང་ཁོང་གིས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཡུལ་གྲུ་ཁག་ནས་འབར་མའི་དྲག་པོའི་གཞུང་གི་སྟོབས་ཤུགས་རྒྱས་རྒྱུར་ཕན་པའི་ཤིང་དང་རྩ་ཆེའི་རྡོ་རིགས་ཉོ་རྒྱུའི་ཚབ་ཏུ་ དྲག་པོའི་གཞུང་གི་ཐོག་འབར་མའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དར་སྤེལ་གཏོང་དགོས་རྒྱུར་གནོན་ཤུགས་ཆེ་ཙམ་སྤྲོད་རྒྱུའི་ལས་དོན་སྤེལ་དགོས་ཀྱི་རེད་ཅེས་གསུངས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།