འབྲུག་དགེ་ལེགས་ཕུག་ཏུ་བསམ་ཡས་དང་། བྱ་རུང་ཁ་ཤོར་སོགས་གནས་ཆེན་ཆ་འདྲ་བ་མང་པོ་བཞེངས་རྒྱུ།

འབྲུག་དགེ་ལེགས་ཕུག་ཏུ་བོད་ཀྱི་བསམ་ཡས་དང་། བལ་ཡུལ་གྱི་བྱ་རུང་ཁ་ཤོར། རྡོ་རྗེ་གདན་གྱི་མཆོད་རྟེན་སོགས་མཆོད་རྟེན་ཆ་འདྲ་བ་མང་པོ་བཞེངས་སྐྲུན་གནང་རྒྱུ་རེད་འདུག

འབྲུག་དགེ་ལེགས་ཕུག་ཏུ་བོད་ཀྱི་བསམ་ཡས་དང་། བལ་ཡུལ་གྱི་བྱ་རུང་ཁ་ཤོར། རྡོ་རྗེ་གདན་གྱི་མཆོད་རྟེན། རྒྱ་ནག་གི་རི་བོ་རྩེ་ལྔ་སོགས་མཆོད་རྟེན་རྩ་ཆེན་ཆ་འདྲ་བ་མང་པོ་བཞེངས་སྐྲུན་གནང་རྒྱུ་རེད་འདུག

དགེ་ལེགས་ཕུག་དྲན་ཤེས་གྲོང་སྡེའི་ལས་འཆར་འོག་མཆོད་རྟེན་ ༡༠༨ བཞེངས་སྐྲུན་ཞུས་ཡོད་པ་དང་མཉམ་གནས་ཆེན་གཞན་ཁག་ཅིག་བཞེངས་རྒྱུའི་ཁྲོད་༧སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གི་ཐུགས་འགན་རྐང་བཞེས་འོག་བོད་ཀྱི་བསམ་ཡས་གཙུག་ལག་ཁང་ལ་དཔེ་བླངས་ཏེ་འབྲུག་ཨོ་རྒྱན་བསམ་གླིང་དང་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་འཇམ་པའི་དགྱེས་པའི་མདངས་ལྡན་འོག་གནས་ཆེན་རི་བོ་རྩེ་ལྔའི་མཆོད་རྟེན་གསར་བཞེངས་གནང་རྒྱུ་ཡིན་པ་དེར་ས་གཞིར་རབ་གནས་དང་བྱིན་གྱིས་རླབས་གནང་རྒྱུ་རེད་འདུག

དགེ་ལེགས་ཕུག་དྲན་ཤེས་གྲོང་སྡེའི་ལས་འཆར་འོག་གནས་ཆེན་འདྲ་མིན་བཞེངས་རྒྱུའི་ལས་འཆར་ཡོད་པའི་འོག་དམིགས་བསལ་དུ་བྱང་ཆུབ་མཆོད་བརྟེན་ ༡༠༨ བཞེངས་ཡོད་པ་དང་མཉམ་བོད་ཀྱི་བསམ་ཡས་གཙུག་ལག་ཁང་དང་གཅིག་མཚུངས་ཀྱི་ཨོ་རྒྱན་བསམ་ཡས་གླིང་ཞེས་འབོད་པ་ཞིག་བཞེངས་རྒྱུ་ཡིན་པ་རེད་འདུག

དེ་ཡང་༧སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གི་ཐུགས་འགན་བཞེས་པའི་འོག་འབྲུག་ཨོ་རྒྱན་བསམ་ཡས་གླིང་བཞེངས་རྒྱུ་ཡིན་པ་དང་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་འཇམ་པའི་དགྱེས་པའི་མདངས་ལྡན་འོག་གནས་ཆེན་རི་བོ་རྩེ་ལྔའི་མཆོད་རྟེན་གསར་བཞེངས་གནང་རྒྱུ་ཡིན་པ་དེར་རབ་གནས་དང་བྱིན་གྱིས་རླབས་གནང་རྒྱུ་རེད་འདུག

འབྲུག་དགེ་ལེགས་ཕུག་ཏུ་བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་མཆོད་རྟེན་ཆེ་ཁག་ཆ་འདྲ་བ་བཞེངས་སྐྲུན་གནང་འཆར། འབྲུག་དགེ་ལེགས་ཕུག་ཏུ་བོད་ཀྱི་བསམ་ཡས་དང་། བལ་ཡུལ་གྱི་བྱ་རུང་ཁ་ཤོར། རྡོ་རྗེ་གདན་གྱི་མཆོད་རྟེན་བཅས་མཆོད་རྟེན་ཆ་འདྲ་བ་བཞེངས་སྐྲུན་གནང་རྒྱུ་རེད་འདུག

འབྲུག་ཨོ་རྒྱན་བསམ་གླིང་དེ་བཞིན་བོད་བསམ་ཡས་གཙུག་ལག་ཁང་དང་གཅིག་མཚུངས་བཞེངས་རྒྱུ་ཡིན་པ་དེར་དམིགས་བསལ་དུ་༧གུ་རུ་ནོར་ལྷའི་སྐུ་འབུམ་གཅིག་བཞེངས་རྒྱུ་ཡིན་པ་མཁན་པོ་བློ་གསལ་དབང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བསམ་ཡས་གཙུག་ལག་ཁང་གཙོས་གནས་ཆེན་མང་པོ་ཞིག་བཞེངས་རྒྱུ་ཡིན་པ་དེར་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ཚོར་སྣང་འགྲེལ་བརྗོད་གནང་སྐབས། འདི་ནི་བོད་ནང་བསྐྱོད་རྒྱུར་སྐུ་ལས་ཡོད་མཁན་ཚོར་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། བསམ་ཡས་གཙུག་ལག་ཁང་དང་གཅིག་མཚུངས་ཞིག་འདིར་བཞེངས་རྒྱུ་ཡིན་པ་དེ་ཉིན་བྱིན་རླབས་ཅན་ཞིག་རེད་བསམ་གྱི་འདུག མི་སུ་ཞིག་ཡིན་ན་ཚང་མ་བོད་ལ་ཕེབས་ཐུབ་ཀྱི་མ་རེད། སུ་ལའང་ཕེབས་ཐུབ་པའི་དཔལ་འབྱོར་གྱི་མཐེུན་འཛོམས་པ་ཡོད་མ་རེད། བོད་ལ་འགྲོ་རྒྱུ་ལས་སླ་པོ་མ་རེད། བྱས་ཙང་འདི་རུ་བསམ་ཡས་གཙུག་ལག་ཁང་བཞེངས་རྒྱུ་ཡིན་པ་འདི་ནས་དད་ལྡན་པ་ཡོངས་ལ་དགེ་བ་རླབས་ཆེན་གསག་ཐུབ་ཀྱི་རེད། འདི་རུ་བསམ་ཡས་གཙུག་ལག་ཁང་དང་གཞན་གནས་ཆེན་མང་པོ་བཞེངས་རྒྱུ་ཡིན་པ་དེར་ངང་སྒུག་བྱས་ཏེ་བསྡད་ཡོད། དེ་འདྲ་ཅིག་བྱུང་གི་ཡོད་ན་བསམ་པའི་བློ་ཡུལ་ལ་གཤོངས་ཀྱི་མི་འདུག འོན་ཀྱང་ད་ལྟ་མཆོད་རྟེན་ ༡༠༨ བཞེངས་གྲུབ་པ་ཡིན་དུས། གནས་ཆེན་གཞན་རྣམས་ཀྱང་བཞེངས་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།

ཕྱི་ཟླ་ ༡༡ ཚེས་ ༡ གི་ཉིན་མོར་མཆོད་རྟེན་ ༡༠༨ གསར་བཞེངས་ལེགས་གྲུབ་བྱུང་ཡོད་པ་བཞིན་ཕྱི་ཚེས་ ༢ ཀྱི་ཉིན་མོར་མཆོད་རྟེན་རྣམས་ཀྱི་བཀྲིས་རབ་གནས་དང་མི་མང་ནས་མཆོད་རྟེན་ལ་སྐོར་བ་སྐོར་རྒྱུ་དབུ་འཛུགས་གནང་ཡོད་པ་རེད།།

པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།

འབྲེལ་ཡོད་གནས་ཚུལ།

༧འབྲུག་རྒྱལ་མཆོག་གིས་དགེ་ལེགས་ཕུག་ཏུ་བོད་ཀྱི་བླ་ཆེན་རྣམ་པར་དགའ་བསུ་ཞུས་པ།

༧མི་དབང་འབྲུག་རྒྱལ་མཆོག་གིས་༧རྒྱལ་དབང་ཀརྨ་པ་མཆོག་དང་མཇལ་ཕྲད་གནང་འདུག

དཔལ་༧རྒྱལ་དབང་ཀརྨ་པ་མཆོག་འབྲུག་ཡུལ་དུ་ཞབས་སོར་འཁོད་པ།