ཨ་རིའི་ནང་བྱང་ཆུབ་བྱམས་བརྩེའི་སྐོར་བསྐྱོད་ཞེས་བཙུན་མའི་སྐོར་བསྐྱོད་དང་པོ་གནང་བཞིན་འདུག

2024.04.29
ཨ་རིའི་ནང་བྱང་ཆུབ་བྱམས་བརྩེའི་སྐོར་བསྐྱོད་ཞེས་བཙུན་མའི་སྐོར་བསྐྱོད་དང་པོ་གནང་བཞིན་འདུག ཨ་རིའི་ནང་བྱང་ཆུབ་བྱམས་བརྩེའི་སྐོར་བསྐྱོད་ཞེས་བཙུན་མའི་སྐོར་བསྐྱོད་དང་པོ་གནང་སྐབས། ༠༤།༢༤།༢༠༢༤
མཐུན་འགྱུར་པར་རིས།

རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བྱང་ཆུབ་བྱམས་བརྩེའི་སྐོར་བསྐྱོད་ཞེས་པ་ཨ་རིའི་ནང་ལོ་གཅིག་གི་རིང་ས་གནས་ཁག་ཅིག་ནང་སྐོར་བསྐྱོད་ཀྱིས་རྡུལ་མཚོན་དཀྱིལ་འཁོར་བཞེངས་པ་གཙོས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་ཁྱབ་སྤེལ་གནང་བཞིན་པ་ཨ་རིའི་ས་གནས་མི་ནི་སོ་ཌ་ནས་ཕྱི་ཚེས་༢༤ཉིན་ནས་དངོས་སུ་དབུ་འཛུགས་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། སྐོར་བསྐྱོད་དེའི་ནང་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་ཟུར་མཆོག་དང་། བཙུན་མ་ལྔ། འབྲེལ་མཐུད་པ་བཅས་ཁྱོན་མི་བདུན་ཡོད་པ་དང་། ཨ་རིའི་མི་ནི་སོ་ཌར་(Minnesota)་གནས་པའི་མཁའ་སྤྱོད་གླིང་ཆོས་ཚོགས་ནས་གོ་སྒྲིག་དང་། མཐུན་འགྱུར་རོགས་རམ་འོག་བྱང་ཨ་རིའི་ནང་འདི་ལྟར་བསྐོར་བསྐྱོད་བྱས་པ་ཐེངས་དང་པོ་ཡིན་ཅེས་བརྗོད་སོང་། བཙུན་མ་རྣམ་པའི་སྐོར་བསྐྱོད་དམིགས་ཡུལ་གཙོ་བོ་སོ་སོ་ཡར་རྒྱས་གཏོང་ཕྱོགས་དང་། འབྲེལ་བ་འཛུགས་སྟངས། བཙུན་མ་རྣམས་ཀྱི་ནུས་སྟོབས་གོང་འཕེལ་དང་བོད་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་སོགས་ལ་ཐུགས་གནང་མཁན་ཚོའི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
བཙུན་མ་དེ་དག་གིས་ཕྱི་ཚེས་༢༥་ཉིན་ནས་༢༨བར་སྨན་བླའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཀྱི་ཡོད་པ་དང་། བཙུན་མའི་མི་ཚེའི་མྱོང་ཚོར་གླེང་རྒྱུ་དང་གཅོད་ཚོགས་དང་། མཁའ་འགྲོའི་གར་འཆམ། རྒྱལ་བའི་སྐུ་རིམ་ཆེད་སྒྲོལ་མཆོག་དང་ཡང་ཁྱིམ་ཚང་སོ་སོར་ཞབས་རིམ་བསྒྲུབ་དགོས་རིགས་ཀྱི་ཞབས་ཞུ་བྱ་རྒྱུ་སོགས་ཕྱི་ཟླ་༥པའི་ཚེས་༢༥བར་ས་གནས་སུ་མི་ནེ་སོ་ཌའི་ནང་བཞུགས་རྒྱུ་རེད་འདུག

nuns lead by Geshi ma tours US (1).JPGདེའི་རྗེས་ཨ་རིའི་མངའ་སྡེ་(Cleveland)་དང་། (Ohio) (Louisville Kentucky) དེའི་རྗེས་(New York, Kentucky, Indiana, Chicago)་བཅས་ལ་ལོ་གཅིག་གི་མཛད་རིམ་བང་བསྒྲིགས་ཡོད་པ་རེད་འདུག
རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དགོན་དུ་ད་སྐབས་བཙུན་མ་གྲངས་༣༠༥ལྷག་ཡོད་པ་དང་། ད་ལྟའི་ཆར་དགེ་བཤེས་མ་བཞི་བཅུ་ཞེ་བདུན་ཐོན་ཟིན་ཡོད་འདུག་ལ་དགེ་ལུགས་རྒྱུགས་སྤྲོད་ལ་འགྲོ་བཞིན་པ་བཙུན་མ་སུམ་ཅུ་སོ་གཉིས་ཡོད་འདུག
དེ་སྔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་ཡོད་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་བཙུན་དགོན་བྱང་ཆུབ་ཆོས་གླིངདགོན་པ་དེ་ནི་བཙུན་དགོན་ནང་གི་སློབ་གཉེར་དྲགས་གྲས་ཤིག་ཆགས་ཡོད་པས། ༧གང་ཉིད་མཆོག་གནས་དེར་ཕེབས་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག
དེ་སྔོན་གདན་ས་ཁག་གི་དགེ་འདུན་པ་ཕྱི་རྒྱལ་ཁབ་ཁག་ནང་སྐོར་བསྐྱོད་བྱེད་སྲོལ་ཡོད་ཀྱང་ད་རེས་བཙུན་མ་ཚོས་སོ་སོའི་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་སྐོར་བསྐྱོད་གནང་པ་ཕལ་ཆེར་ཐེངས་དང་པོ་ཡིན་པ་རེད་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་གྱིས་རྒྱ་ནག་གི་དམག་དཔོན་ཟུར་པ་ཞིག་ཐེ་པེ་ཉེ་ཁུལ་ནས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎