བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་འདུག


2017.12.01
བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་(Barack Obama)་རྣམ་གཉིས་མཇལ་འཕྲད། ༢༠༡༧།༡༢།༡ བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་(Barack Obama)་རྣམ་གཉིས་མཇལ་འཕྲད། ༢༠༡༧།༡༢།༡
OHHDL

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་(Barack Obama)་རྣམ་གཉིས་མཇལ་འཕྲད་གནང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(ITC Maurya)་མོརྱ་གསོལ་མགྲོན་ཁང་དུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་བྷ་རག་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། དེ་ནས་༧གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱིར་གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། ཕྱི་ནང་གསར་འགོད་པ་ཚོར་གསུངས་དོན། ཨོ་བྷ་མ་སྔོན་མ་ནས་ངོས་ཀྱི་ངོ་ཤེས་པ་ཙམ་མ་ཟད། དངོས་གནས་བློ་ཐུབ་གྲོགས་པོ་ཆགས་བསྡད་ཡོད། ཁོང་གིས་རྫིག་པོ་དང་སྤམ་པོ་དེ་འདྲ་བྱེད་ཀྱི་མ་རེད། ཁ་གསལ་གཏིང་གསལ་བྱེད་མཁན་ཞིག་རེད། ངོས་རང་ཨ་རིར་ཕར་འགྲོ་རྒྱུར་གཟུགས་པོའི་ཆ་ནས་ཅུང་ཁག་པོ་རེད། དེར་བརྟེན་ངོས་རང་གི་བློས་ཐུབ་གྲོགས་པོ་རྒྱ་གར་ལ་ཕེབས་བསྡད་དུས་ཐུག་རྒྱུའི་འདོད་པ་བྱུང་། ངོས་རང་གཉིས་ཐུག་ནས་ད་ལྟའི་འཛམ་གླིང་སྒང་འདིར་མི་གསོད་ཀྱི་དཀའ་ངལ་ཞེ་དྲག་མང་པོ་ཡོང་གི་ཡོད་པ་དང་། དེ་ཚང་མ་མིས་བཟོས་པ་ཡིན་སྟབས། ང་ཚོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་དཀའ་ངལ་དེ་དག་སེལ་བའི་སྐོར་ལ་བཀའ་མོལ་བྱུང་། ཅེས་གསུངས་འདུག
ཐེངས་འདིའི་མཇལ་འཕྲད་འདི་ནི་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་ཨ་རིའི་སྲིད་འཛིན་ལས་འགན་ནས་འཁྱུར་རྗེས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་ད་རེས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༩་ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་(Xi Jinping)་དང་ཐུག་འཕྲད་གནང་རྗེས་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་ཡིན་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎