འཛམ་གླིང་ཞི་བདེའི་ཆེད་སྨྱུང་གནས་སྤེལ་བའི་རེ་སྐུལ།

ལྷོ་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་ཡུལ་གྲུ་ཁག་གི་ནང་བོད་མི་དང་ཞི་བདེ་ལ་དགའ་བའི་མི་རྣམས་ནས་སྨྱུང་གནས་སྨོན་ལམ་གསོལ་འདེབས་གནང་རྒྱུ།

2008-08-29
Share

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་ཉེར་དགུ་རེས་གཟའ་པ་སངས་ཉིན་ཨོས྄་ཁྲརེ་ལི་ཡ་དང་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤ་ལགས་ནས་ཨོས྄་ཁྲརེ་ལི་དང་ནིའུ་ཛི་ལེནྜ་དང་ཨིན་ཌོ་ནེ་ཤི་ཡ་བཅས་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ དེ་བཞིན་ཞི་བདེར་དགའ་བའི་མི་རྣམས་ནས་ཕྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་རེས་གཟའ་སྤེན་པའི་ཉིན་འཛམ་གླིང་ཁྱོན་ཡོངས་ནང་འཛམ་གླིང་ཞི་བདེ་དང་གཉའ་གནོན་འོག་གནས་བཞིན་པ་རྣམས་བཅིང་བ་ལས་གྲོལ་ཐབས་སྤྱི་དང་བྱེ་བྲག་བོད་ནང་གི་བོད་མི་ཚོ་དང་ལྷག་པར་དུ་བཙན་གནོན་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་ཆུ་ཚོད་བཅུ་གཉིས་རིང་མཚོན་དོན་ཟས་བཅད་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་གནང་རྒྱུའི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།