ཧང་གཱ་རིའི་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་འབྱོར་སྐབས་ངོ་རྒོལ་བྱས་འདུག


2017.12.01
བོད་དོན་རྒྱབ་སྐྱོར་བ་(Hendry Tibet)་ཞུ་བས་ངོ་རྒོལ་སྐབས། ༢༠༡༧།༡༡།༢༦ བོད་དོན་རྒྱབ་སྐྱོར་བ་(Hendry Tibet)་ཞུ་བས་ངོ་རྒོལ་སྐབས། ༢༠༡༧།༡༡།༢༦
Jeti Válasz/YT

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་ཧང་གཱ་རིའི་(Hungary)་རྒྱལ་སར་འབྱོར་སྐབས་བོད་དོན་རྒྱབ་སྐྱོར་པས་ངོ་རྒོལ་བྱས་འདུག
དེ་ཡང་ཧང་གཱ་རིའི་ (Hungary)་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༢༦་ཉིན་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་ཧང་གཱ་རིའི་(Hungary)་རྒྱལ་ས་(Budapest)་ནང་དུ་རྒྱལ་ཁབ་ཕྱོགས་གཉིས་དབར་ཉིན་གྲངས་གསུམ་རིང་གི་ཚོང་འབྲེལ་ལྷན་ཚོགས་ཆེད་འབྱོར་སྐབས། ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་ཞི་རྒོལ་གནང་ཡོད་པ་དང། སྐབས་དེར་(Hendry Tibet)་ཞུ་བའི་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ལི་ཁེ་ཆིང་གི་རླངས་འཁོར་འགྲོ་སའི་གཞུང་ལམ་ཉེ་འགྲམ་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་ངོ་རྒོལ་བྱས་སྐབས་ཉེན་རྟོག་པས་བཀག་ནས་ཐག་ཉེ་ལ་བཅར་བཅུག་མི་འདུག
དེ་བཞིན་རེས་གཟའ་ཟླ་བའི་ཉིན་ཡུལ་དེའི་གྲོས་ཚོགས་ནང་(LMP)ཚོགས་པའི་འཐུས་མི་དང་མ་འོངས་པར་ཚོགས་པ་དེའི་སྲིད་བློན་འོས་མི་ཡིན་པ་གྲོས་ཚོགས་འཐུས་མི་(Bernadett Szel)ལགས་ཀྱིས་ལུས་ལ་བོད་ཀྱི་རྒྱལ་དར་གྱོན་ནས་ཧང་གཱ་རིའི་གྲོས་ཚོགས་ཀྱི་ནང་འཛམ་གླིང་ནང་གསར་བརྗེའི་སྐོར་གྱི་གྲོས་གཞི་གྲོས་འཆར་བཏོན་གནང་སྐབས་ཁོང་མོས། དེ་སྔོན་ཉེན་རྟོག་པས་ཡུལ་དེའི་མི་སེར་ཞིག་ལ་བོད་དོན་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་བྱས་ཡོད་པར་སྐྱོན་བརྗོད་གནང་བ་སྦྲགས། ཁོང་མོས་བོད་རང་དབང་(FreeTibet)་ཞེས་འབོད་ཚིག་བསྒྲགས་འདུག

གསར་འགོད་པ་ཀླུ་འབུམ་དང་། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎