ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་མཉམ་བོད་དོན་གླེང་སློང་གནང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གི་སྐོར་ཨ་མི་རི་ཀས་ཐུགས་འཚབ་ཆེན་པོ་ཡོད་སྐོར་རྒྱ་ནག་ལ་གསུངས་འདུག
2008-06-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེ་སེ་མཆོག་གིས་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གི་སྐོར་ཨ་མི་རི་ཀས་ཐུགས་འཚབ་ཆེན་པོ་ཡོད་པའི་སྐོར་ཁ་ས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ལ་གསུངས་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེ་སེ་མཆོག་རྒྱ་ནག་ནང་ཉི་མ་གཉིས་རིང་གཟིགས་སྐོར་དུ་ཕེབས་པ་དང་ཁ་ས་རྒྱལ་ས་བེ་ཅིང་ནང་ཕེབས་སྐབས་ཨ་མི་རི་ཀས་བོད་ནང་གི་གནས་སྟངས་སྐོར་ལ་ཐུགས་འཚབ་ཆེན་པོ་ཡོད་པ་དང་བོད་རྒྱ་གཉིས་དབར་གྲོས་མོལ་འགོ་བཙུགས་གནང་བ་དེ་མུ་མཐུད་གནང་དགོས་སྐོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ལ་ལྐུལ་ལྕགས་གནང་འདུག

རྒྱ་ནག་གཞུང་གིས་བོད་ཐེ་བའི་རྒྱ་ནག་མི་མང་གི་ཆབ་སྲིད་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པར་ཨ་མི་རི་ཀ་ནི་ངོ་རྒོལ་གནང་མཁན་ཞིག་ཡིན་སྟབས་ རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་མུ་མཐུད་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད་ ཁ་ས་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ལས་ཁང་གིས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་འདི་ལོའི་ཕྱི་ཟླ་༥པའི་ནང་གྲོས་མོལ་གནང་ཡོད་པ་དང་གྲོས་མོལ་རྗེས་མ་དེ་ཕྱི་ཟླ་བདུན་པའི་འགོ་བསྟོད་ལ་གནང་འཆར་ཡོད་ལུགས་ཀྱི་གནས་ཚུལ་སྤེལ་ཡོད་པ་རེད། ཁ་ས་ལྕམ་རའེ་སེ་མཆོག་གིས་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་རྒྱབ་ཡུལ་ཁག་ལ་གཟིགས་སྐོར་གནང་བ་མ་ཟད་ ཨཕཱ་རི་ཀའི་ཡུལ་གྲུ་ཛིམ་སྦབ་ལྦེའི་སྲིད་འཛིན་རཱོ་སྦ་ཊེ་མུ་ག་སྦེ་ཡི་འགོ་འཁྲིད་པའི་ཁྲིམས་བརྒལ་གཞུང་འཛིན་དེར་དཔལ་འབྱོར་ཉེས་ཆད་བཀལ་དགོས་སྐོར་ཨ་མི་རི་ཀ་གཙོས་པའི་རྒྱལ་ཁབ་ཁག་གིས་གྲོས་འགོ་བཏོན་པ་དེར་རྒྱ་ནག་གིས་རྒྱབ་སྐྱོར་དགོས་པའི་སྐུལ་མ་གནང་ཡང་ རྒྱ་ནག་ངོས་ནས་དེར་རྒྱབ་སྐྱོར་ཞུ་རྒྱུའི་འགན་ལེན་གང་ཡང་གནང་མེད་པའི་གནས་ཚུལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།