རྒྱ་གར་གྱི་སློབ་ཕྲུག་ལ་ཉེས་རྡུང་ཕོག་པར་སྐྱོན་བརྗོད།

ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་གིས་ཡུལ་ནང་རྒྱ་གར་གྱི་སློབ་ཕྲུག་ཐོག་རྒོལ་རྡུང་གི་གནས་ཚུལ་བྱུང་བ་དེར་སྐྱོན་བརྗོད་གནང་ཡོད་པ།

2009-06-01
Share

༄༅༎ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་གིས་ཡུལ་ནང་རྒྱ་གར་གྱི་སློབ་ཕྲུག་ཐོག་རྒོལ་རྡུང་གི་གནས་ཚུལ་བྱུང་བ་དེར་སྐྱོན་བརྗོད་གནང་ཡོད་པ་རེད།

སྲིད་བློན་ར་ཌི་མཆོག་གིས་ཉེ་ལམ་རྒྱ་གར་གྱི་སློབ་ཕྲུག་ཐོག་རྒོལ་རྡུང་བཏང་བའི་གནས་ཚུལ་བྱུང་མིན་ལ་མ་ལྟོས་པར་ཨོ་སོ་ཀྲོ་ལི་ཡའི་ཡུལ་དེ་མི་རིགས་འདྲ་མིན་འཆམ་མཐུན་དང་བཟོད་བསྲན་ཐོག་གནས་ཐུབ་པའི་ཡུལ་གྲུ་ཞིག་ཡིན་སྐོར་གསུངས་འདུག

རེས་གཟའ་ཉི་མ་ཉིན་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་རྒྱ་གར་གྱི་སློབ་ཕྲུག་བརྒྱ་ཕྲག་འགའ་ཤས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྐབས་ས་གནས་བསྐོར་སྲུང་བས་ཁོང་ཚོའི་ངོ་རྒོལ་གྱི་ལས་འགུལ་དེ་བཀག་འགོག་བྱེད་ཐབས་དེ་དྲག་རྩུབ་ཀྱི་བྱ་ཐབས་སྤེལ་བའི་སྐྱོན་བརྗོད་ཕོག་ཡོད་པ་རེད། ཡིན་ནའང་བསྐོར་སྲུང་བའི་སྤྱི་ཁྱབ་པ་སའེ་མེན་ཨོ་ལྦར་ལེནདྲ་ཡིས་ངོ་རྒོལ་བས་བསྐོར་སྲུང་བའི་བཀའ་ལ་ཉན་འཇོག་མ་བྱས་སྟབས་གོང་ཞུས་ཀྱི་བྱ་ཐབས་དེ་ལས་འདས་མེད་སྐོར་གསུངས་འདུག རྒྱ་གར་གྱི་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་དོན་ནི་ཉེ་ལམ་ཨོ་སོ་ཀྲོ་ལི་ཡའི་མེལ་སྦོན་གྲོང་ཁྱེར་ནང་རྒྱ་གར་གྱི་སློབ་ཕྲུག་མང་པོ་ཞིག་ལ་ཉེས་རྡུང་ཕོག་པའི་གནས་ཚུལ་དང་སློབ་ཕྲུག་གཅིག་ལ་ཉེས་རྡུང་དྲག་པོ་ཕོག་ནས་ཚབས་ཆེའི་གནས་སུ་གྱུར་ཡོད་པའི་གནས་ཚུལ་ནས་བྱུང་བ་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།