སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་གསུམ་ནང་འཚམས་གཟིགས་ལེཊ་གྲུབ།

2016-11-28
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་གིས་(Frankfurt)་ནང་གི་ས་གནས་བོད་མི་ཚོར་གཏམ་བཤད་གནང་སྐབས། ༢༠༡༦།༡༡།༢༦
སྲིད་སྐྱོང་མཆོག་གིས་(Frankfurt)་ནང་གི་ས་གནས་བོད་མི་ཚོར་གཏམ་བཤད་གནང་སྐབས། ༢༠༡༦།༡༡།༢༦
tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་Germany་གྲོང་ཁྱེར་Frankfurt་ནང་དུ་འཚམས་འདྲིར་ཕེབས་ཏེ་ས་གནས་བོད་མི་ཚོར་གསུང་བཤད་དང་ཡང་གྲོང་ཁྱེར་དེའི་ནང་དུ་ཚོགས་པའི་ལྷན་ཚོགས་ཤིག་ཐོག་ཚོགས་བཅར་གནང་སྟེ་རྒྱལ་ཁབ་གསུམ་ནང་འཚམས་འདྲི་ཁག་གྲུབ་ཡོད་པ་རེད།
དེ་ཡང་སྲིད་སྐྱོང་མཆོག་ད་རེས་ཕྱི་ཟླ་བཅིུག་པའི་ཚེས་༡༧་ནས་བཞུགས་སྒར་ནས་ཐོན་ཏེ་ཁེ་ན་ཊ་དང་། ཨ་མི་རི་ཀ། ཇར་མི་ནི་བཅས་རྒྱལ་ཁབ་ཁག་གསུམ་ནང་འཚམས་འདྲིར་ཕེབས་ཡོད་པ་ལྟར་། འཚམས་འདྲི་མཐའ་མ་དེ་ཕྱི་ཟླ་བཅིུག་པའི་ཚེས་༢༥་ཉིན་གྲོང་ཁྱེར་Frankurt་ནང་ཕེབས་ཏེ་། ཉིན་དེར་Germany་ནང་དུ་ཡོད་པའི་ཐེབས་རྩ་ཁང་ཞིག་གིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཐོག་ཚོགས་བཅར་གནང་བ་དང་། ཚོགས་འདུ་དེའི་ཐོག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དང་སུད་སི་གྲོང་ཁྱེར་Geneva་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་བཅས་སྲིད་སྐྱོང་ལྷན་དུ་ཚོགས་བཅར་ཞུས་ཡོད་པ་རེད།
ད་དུང་ཉིན་དེར་སྲིད་སྐྱོང་མཆོག་གིས་ས་གནས་བོད་མི་ཚོར་གསུང་བཤད་གནང་སྟེ། བོད་མིའི་ངོ་བོ་དང་རིག་གཞུང་མ་རླགས་པར་ཉར་ཚགས་བྱ་རྒྱུ་གལ་ཆེ་བའི་སྐོར་དང་བོད་མི་ཚོར་ཤེས་ཡོན་གལ་གནད་ཆེན་པོ་ཡིན་པའི་སྐོར་གསུང་བཤད་གནང་བ་མ་ཟད། ལྷག་པར་དུ་ཕ་མ་ཚོར་སོ་སོའི་ཕྲུ་གུར་ཤེས་ཡོན་སྤྲོད་རྒྱུ་གལ་ཆེ་བའི་ཁར། ཕྲུ་གུ་ཚོ་སོ་སོ་སྡོད་ཡུལ་གྱི་རྒྱལ་ཁབ་དེའི་ནང་གྱི་གཞུང་གི་ལས་ཀའི་ནང་ཞུགས་རྒྱུའི་ལམ་
སྟོན་དང་སྐུལ་ལྕག་གཏོང་དགོས་པའི་སྐོར་དང་། དེ་བཞིན་བཀའ་ཤག་སྐབས་༡༥་པའི་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་གནང་བཞིན་པའི་ལྔ་དང་ལྔ་བཅུའི་སྲིད་ཇུས་སྐོར་སོགས་གསུང་བཤད་གནང་ཡོད་པ་རེད་།
དེ་རྗེས་སྲིད་སྐྱོང་མཆོག་གིས་Frankfurt་ནང་དུ་ཡོད་པའི་བོད་ཁང་དུ་གཟིགས་སྐོར་གནང་ཡོད་པ་རེད། ད་རེས་སྲིད་སྐྱོང་མཆོག་གིས་ཁེ་ན་ཊ་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་Germany་གྲོང་ཁྱེར་Frankfurt་བཅས་ནང་གི་འཚམས་འདྲི་ཁག་གྲུབ་ཏེ་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་གནང་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།