སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་ཕྱོགས་ཕེབས།
2014.04.23
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག
དེ་ཡང་གནས་ཚུལ་ལྟར་ན། ཕྱི་ཚེས་༢༣ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཞུགས་སྒར་ནས་ཕེབས་ཐོན་གནང་ཡོིད་པ་དང་། ཚེས་༢༤་སྔ་ཐོག་རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་ཁུལ་གྱི་ལས་རིམ་ཁག་གྲུབ་མཚམས་ཉིན་རྒྱབ་བྷེང་ལོར་ནས་བྷེ་ཀོབ་ཕྱོགས་སུ་ཕེབས་ཐོན་གནང་རྒྱུ་དང་། སྤྱི་ཚེས་༢༥ནས་༢༦བར་བྷེ་ཀོབ་བོད་མིའི་གཞིས་ཆགས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༥་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོར་ཕེབས་ཞུགས་གནང་རྒྱུ་དང་། དེའི་རྗེས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་མང་ཚོགས་ལ་གསུང་བཤད་གནང་རྒྱུ་ཡིན་པ་རེད།
ད་རེས་སྲིད་སྐྱོང་མཆོག་གིས་Bangaloreདུ་རྟེན་གཞི་བྱས་བའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་། མེ་སོར་ཁུལ་གྱི་བོད་པའི་སློབ་ཕྲུག་ཚོར་གསུང་བཤད་གནང་རྒྱུའི་ལས་རིམ་ཀྱང་ཡོད་པ་རེད།
བོད་མིའི་གཞིས་ཆགས་ཁུལ་གྱི་ལས་རིམ་ཁག་གྲུབ་རྗེས་ལྡི་ལིར་ཕྱི་ཚེས་༢༧ཉིན་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་བགྲོ་གླེང་ལས་རིམ་ཐོག་གསུང་བཤད་གནང་རྒྱུ་དང། ཕྱི་ཚེས་ ༢༨ཉིན་ཅོན་ཏ་རར་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་རྒྱུ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།