སུའུ་དན་ནང་རྒྱ་མི་ལས་བཟོ་བ་བཙན་ཁྲིད།

ཨཕ་རི་ཀའི་རྒྱལ་ཁབ་སུ་དན་ནང་གྱེན་ལོག་པས་རྒྱ་མི་ལས་བཟོ་བ་བཙན་ཁྲིད་བྱས་འདུག

2012.01.29

༄༅༎ཨཕ་རི་ཀའི་སུའུ་དན་(Sudan)རྒྱལ་ཁབ་ཀྱི་བྱང་ཤར་ཞིང་ཆེན་ནང་དུ་ཁ་སྔོན་ཕྱི་ཟླ་དྲུག་པ་ནས་བཟུང་གཞུང་གི་དམག་དཔུང་དང་གྱེན་ལོག་ཤོག་ཁག་དབར་དམག་འཐབ་བྱེད་བཞིན་པ་ལྟར་ད་རེས་གྱེན་ལོག་པས་རྒྱ་མིའི་གནས་ཡུལ་དུ་རྒོལ་རྡུང་བཏང་སྟེ་རྒྱ་མི་ལས་བཟོ་བ་བཙན་ཁྲིད་བྱས་པ་མ་ཟད།དེ་རིང་རེས་གཟའ་ཉི་མའི་ཉིན་གྱེན་ལོག་པ་རང་ངོས་ནས་ཀྱང་རྒྱ་མི་ལས་བཟོ་བ་༢༩ འཇུ་བཟུང་བྱས་པའི་ཕྱིར་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་རེས་གཟའ་སྤེན་པའི་ཉིན་སུའུ་དན་ནང་གི་གྱེན་ལོག་ཤོག་ཁག་གིས། སུའུ་དན་གྱི་བྱང་ཤར་ཞིང་ཆེན་ནང་དུ་ཡོད་པའི་གཞུང་གི་དམག་མིའི་སྐྱེལ་འདྲེན་ཐོག་རྒོལ་རྡུང་བཏང་བར་བརྟེན་གཞུང་གི་དམག་དཔུང་དང་གྱེན་ལོག་ཤོག་ཁག་དབར་ལ་དྲག་པོའི་འཐབ་འཁྲུགས་བྱུང་བའི་རྗེས། གྱེན་ལོག་པས་རྒྱ་མི་ལས་བཟོ་བ་འཇུ་བཟུང་བྱས་པ་མ་ཟད། སུའུ་དན་གཞུང་གི་དམག་མི་དགུ་ཡང་འཇུ་བཟུང་བྱས་ཡོད་འདུག སུའུ་དན་མི་དམངས་བཅིངས་བགྲོལ་ལས་འགུལ་ཚོགས་པའི་མགྲིན་ཚབ་པ་ཨར་ནུ་ལོ་ཌི་ཟེར་བས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་བཤད་དོན། ཁོང་ཚོ་འཛིན་བཟུང་བྱས་པ་ཡིན། འོན་ཀྱང་ང་ཚོས་གནས་ཚུལ་གསལ་པོ་བཟོ་ཡ་ལ་ཁོང་ཚོའི་བདེ་འཇགས་ལ་ཉེན་ཁ་མེད་པར་གནས་ཡོད་ལ་སུ་གཅིག་ལ་རྨས་སྐྱོན་བྱུང་མེད། རྒྱ་མིའི་ལས་བཟོ་བ་དེ་དག་ནི་ཞིང་ཆེན་དེའི་ནང་དུ་ལམ་བཟོའི་ལས་ཀ་བྱེད་མཁན་ཡིན་པ་དང༌། ཁོང་ཚོ་ནུ་སྦ་རི་རྒྱུད་དུ་དོ་དམ་བྱས་ཡོད་པ་དང་དེ་ནི་བདེ་འཇགས་ཀྱི་གནད་འགག་གི་ཐོག་ནས་ཡིན་པ་བཤད་ཡོད་པ་རེད། དེ་རིང་རྒྱ་ནག་ཕྱོགས་ནས་སུའུ་དན་ནང་གི་རྒྱ་མིའི་ལས་བཟོ་ཁང་དུ་གྱེན་ལོག་ཤོག་ཁག་གིས་རྒོལ་རྡུང་བཏང་བའི་རྗེས་རྒྱ་མི་རིགས་འགའ་ཤས་ཤིག་གར་སོང་ཆ་མེད་དུ་གྱུར་བའི་སྐོར་བཤད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་མཆོག་གིས་རྒྱ་གར་ནང་གཟིགས་སྐོར་དང་ཆབས་ཅིག རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་གྱི་དྭངས་ལྕགས་རིགས་ལ་སྒོ་ཁྲལ་བརྒྱ་ཆ་ ༡༢ སྤར་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎