མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་ཚོས་རིན་ལེན་གསབ་ཁྲིད་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་འདུག

2019-01-10
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་བརྗོད་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁྲ།
རྒྱ་ནག་གིས་བརྗོད་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁྲ།
RFA

མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གྲྭའི་དགེ་རྒན་ཚོས་དགུན་ཁའི་གུང་སེང་སྐབས་རིན་ལེན་གསབ་ཁྲིད་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག
དེ་ཡང་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གི་འབྲེལ་ཡོད་ཚན་པས། སྤྱི་ལོ་༢༠༡༩་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གྲྭའི་དགེ་རྒན་ཚོས་དགུན་ཁའི་གུང་སེང་སྐབས་རིན་ལེན་གསབ་ཁྲིད་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་པས། དེ་སྔ་ཡིན་ན་སློབ་གྲྭའི་དགེ་རྒན་ཚོས་རང་གི་སློབ་མ་ཚོར་དགུན་ཁའི་གུང་སེང་སྐབས་གསབ་ཁྲིད་བྱེད་བཞིན་པ་རེད། ད་ལོ་ནས་དེ་མེད་པར་བཟོས་སོང་ལ་གལ་སྲིད་དགེ་རྒན་ཚོས་སློབ་མར་གསབ་ཁྲིད་བྱས་བ་སོགས་ཤེས་རྟོགས་བྱུང་ཚེ་སློབ་གྲྭའི་དགེ་རྒན་གྱི་ལས་གནས་ནས་ཕུད་རྒྱུ་དང་། ཆད་པ་གཅོད་རྒྱུ་སོགས་ཀྱི་གསལ་བསྒྲགས་བྱས་འདུག་ཅེས་ངོ་སྤྲོད་གནང་འདུག
གོང་གི་གནས་ཚུལ་དང་འབྲེལ་བའི་སྐོར་ལ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཟླ༡༡པའི་ཚེས༢༩་ཉིན་བརྡ་སྦྱོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ནས་རིན་ལེན་གསབ་ཁྲིད་དང་ལེན་མི་བྱེད་པའི་སྤྱི་བསྒྲགས་ཁས་ལེན་བྱ་འགུལ་སྤེལ་རྒྱུ་ཐག་གཅོད་བྱས་བ་དང་། བརྡ་སྦྱོར་ལྟར་ན། སྤྱི་ལོ་༢༠༡༩་ལོའི་ཟླ༡་པོའི་ཚེས༡་ཉིན་ནས་བཟུང་། ཤེས་བཞིན་དུ་སྒྲིག་འགལ་བྱེད་པ་དང་གསབ་ཁྲིད་མཚམས་འཇོག་མི་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་མི་སྣ་བྱུང་ཚེ་ཚང་མ་སྔོན་ལ་ལས་མཚམས་འཇོག་དུ་འཇུག་རྒྱུ་རེད། དགེ་རྒན་གྱི་ཀུན་སྤྱོད་ལ་དང་དོད་མི་བྱེད་པ་དང་ཁ་དན་ཚིག་ལ་མི་གནས་པ་ལ་གཟབ་ནན་སྒོས་ཐག་གཅོད་བྱས་ནས་དགེ་རྒན་གྱི་ལག་རྟགས་མེད་པར་བཟོ་བ། ཐ་ན་ལས་གནས་ལས་ཡང་ཕུད་རྒྱུ(གདན་ཞུའི་དགེ་རྒན་ཡང་འདུ)། ད་དུང་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་མི་ཡིན་ཚེ་ཏང་གི་སྒྲིག་ཁྲིམས་ཀྱིས་ཆད་པ་གཅོད་རྒྱུ། ད་དུང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚང་མས་ཞིང་ཆེན་སློབ་གསོ་ཐིང་གིས་གཅིག་བསྡུས་སྒྲིག་བཟོ་གཏན་འབེབས་བྱས་པའི《ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་རིན་ལེན་གསབ་ཁྲིད་དང་ལེན་མི་བྱེད་པའི་སྤྱི་བསྒྲགས་ཁས་ལེན་ཡི་གེ》སྟེང་མིང་རྟགས་འགོད་དགོས་པ་སོགས་འཁོད་འདུག་པ་ལས་བཀོད་ཁྱབ་དེ་གཏོང་དགོས་པའི་རྒྱུ་མཚན་སོགས་ཁ་གསལ་མི་འདུག
ཡིན་ཡང་མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱིས་བཏང་པའི་བརྡ་སྦྱོར་ལྟར་ན། རིན་ལེན་གསབ་ཁྲིད་བྱེད་མི་ཆོག་པའི་བཀོད་ཁྱབ་དེ་མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁྱབ་པ་ཞིག་ཡིན་པ་དང་། ད་དུང་ཞིང་ཆེན་སྲིད་གཞུང་གི་ཡིག་ཆ་ལྟར་ན། དགུན་ཁའི་གུང་སེང་རིང་དགེ་རྒན་གྱི་སློབ་གཉེར་བྱ་སྤྱོད་ཚད་ལྡན་དང་། སློབ་མ་དང་ཁྱིམ་བདག་གི་ལག་ནས་དངོས་རིགས་ལེན་ཐབས་དང་། ཡང་ན་སློབ་མའམ་ཁྱིམ་བདག་གིས་གསོལ་འདྲེན་དང་། ཡུལ་སྐོར། རོལ་རྩེད་ལ་སོགས་བྱེད་སྒོ་སྣ་ཚོགས་སུ་གདན་ཞུ་ལ་གཏན་ནས་ཞུགས་མི་ཆོག་པ། གསབ་ཁྲིད་སྒྲིག་འཛུགས་དང་ནང་ཞུགས་ལ་གཏན་འགོག་དགོས་བ་སོགས་འཁོད་འདུག

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།