དཔལ་རྒྱུད་སྟོད་གྲྭ་ཚང་གི་འདོན་རྟ་དབྱངས་ཀྱི་སྐོར།

དཔལ་རྒྱུད་སྟོད་གྲ་ཚང་གི་འདོན་རྟ་དབྱངས་དེ་ནི་ཨ་མི་རི་ཀའི་ནང་སྐད་གྲགས་ཆེ་བའི་སྒྱུ་རྩལ་བྱ་དགའི་འོས་མིའི་ཁོངས་སུ་ཚུད་ཡོད་པའི་སྐོར།

2011-02-11
Share

༄༅༎དཔལ་རྒྱུད་སྟོད་གྲ་ཚང་གི་འདོན་རྟ་དབྱངས་དེ་ནི། ཨ་མི་རི་ཀའི་ནང་སྐད་གྲགས་ཆེ་བའི་གླུ་གཞས་དང། གློག་བརྙན་སོགས་སྒྱུ་རྩལ་ཁག་ལ་བྱ་དགའ་སྤྲོད་སྲོལ་ཡོད་པའི་གེ་རེམ་མི་བྱ་དགའི་འོས་ཁོངས་སུ་ཚུད་ཡོད་པའི་སྐོར་དེ་རིང་ཨོ་སི་ཀྲོ་ལི་ཡའི་གསར་ཤོག་ཅིག་ཐོག་གནས་ཚུལ་སྤེལ་བཞག

རྒྱ་གར་དུ་ཆགས་པའི་རྒྱུད་སྟོད་དགོན་པའི་དགེ་འདུན་པ་ཁག་ཅིག་ཨོ་སི་ཀྲོ་ལི་ཡའི་ནིའུ་སའོཐ་ལྦེལ་སི་ས་ཁུལ་ནང་ཆོས་སྐོར་དུ་ཕེབས་པའི་སྐབས། ས་ཁུལ་དེའི་ནང་དུ་བཞུགས་མཁན་འཇར་མ་ནི་མི་རྒྱུད་ཡིན་པ་རོལ་དབྱངས་པ་ཀ་མལ་ཨེང་གལ་སི་ཞུ་བའི་རོགས་རམ་འོག་ཁོང་གི་རོལ་དབྱངས་སྒྲ་འཇུག་ཁང་དུ་རྒྱུད་སྟོད་དགོན་པའི་དགེ་འདུན་པས་སྲོལ་རྒྱུན་རྟ་དབྱངས་འདོན་ཕྱོགས་སྒྲ་འཇུག་བྱས་ཏེ་འོད་སྡེར་རམ་སི་ཌི་བཟོས་པ་མ་ཟད། ཁོང་རྣམས་གང་དུ་ཕེབས་ཡུལ་དུ་ཞོར་ལ་འོད་སྡེར་རྣམས་ཚོང་འགྲེམས་གནང་ཡོད་པ་རེད། དེ་རྗེས་འཇར་མན་རོལ་དབྱངས་པ་ཁོང་གིས། རྒྱུད་སྟོད་དགོན་པའི་ཐོུང་མ་ཡིན་པའི་འདོན་རྟ་དབྱངས་ཀྱི་ཆོ་ག་སྒྲ་འཇུག་བྱས་པའི་འོད་སྡེར་གྱི་ངོ་བཤུས་གཅིག་ཨ་མི་རི་ཀའི་ནིའུ་མེཀ་སི་ཀོ་ནང་རྟེན་གཞི་བྱས་པའི་ཚོང་ལས་ཁང་ལ་ཆེད་གཏོང་བྱས་ཏེ། ཁོང་གིས་བསྐྱར་དུ་འོད་སྡེར་གསར་པ་ཞིག་བཟོ་སྐྲུན་བྱས་ཡོད་པ་རེད། འོད་ཐེར་གསར་པ་་དེའི་ནང་དུ་ཡེ་ཤུའི་ཆོས་ལུགས་ཀྱི་འདོན་པ་དང༌། རྒྱུད་སྟོད་གྲ་ཚང་གི་དགེ་འདུན་པའི་འདོན་རྟ་དབྱངས་གཉིས་སྒྲ་འཇུག་བྱས་ཡོད་ཅིང༌། ད་ཆ་འོད་སྡེར་དེ་ནི་ཨ་རིའི་སྐད་གྲགས་ཆེ་བའི་གེ་རེམ་མི་བྱ་དགའི་འོས་ཀྱི་ཁོངས་སུ་ཚུད་ཡོད་པ་མ་ཟད། ཨོ་སི་ཀྲོ་ལི་ཡའི་ནང་ནས་འདི་ལོའི་གེ་རེམ་མི་བྱ་དགའི་འོས་ཁོངས་སུ་རོལ་དབྱངས་གཉིས་ཚུད་ཡོད་པའི་ནང་ནས་གཅིག་དེ། ཀིཐ་ཨར་སྦན་གྱིས་སྒྲ་འཇུག་བྱས་པ་གཅིག་དང༌། རྒྱུད་སྟོད་དགོན་པའི་དགེ་འདུན་པའི་འདོན་རྟ་དབྱངས་དེ་གཉིས་ཡིན་པར་བརྟེན་རྒྱུད་སྟོད་ཀྱི་ཐོུང་མ་ཡིན་པའི་སྲོལ་རྒྱུན་འདོན་རྟ་དབྱངས་དེར་བྱ་དགའ་ཐོབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།