བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དགོས་གལ།

༧གོང་ས་མཆོག་གིས་རྒྱ་ནག་ནང་ཆབ་སྲིད་ཀྱི་གུ་ཡངས་བཅོས་བསྒྱུར་གཏོང་དགོས་པའི་སྐོར་བཀའ་སློབ་གསུང་བཤད་བསྩལ་འདུག

2011-02-10
Share

༄༅༎བོད་མིིའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དགོས་གལ་དང་ཕྱོགས་མཚུངས་རྒྱ་ནག་ནང་ཆབ་སྲིད་ཀྱི་གུ་ཡངས་བཅོས་བསྒྱུར་གཏོང་དགོས་པའི་སྐོར་བཀའ་སློབ་གསུང་བཤད་བསྩལ་འདུག་༎

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་རྒྱ་གར་གྱི་ར་ཇ་སི་ཐན་མངའ་སྡེའི་གྲོང་ཁྱེར་ཇོརྡ་པུར་རུ་མཛད་འཕྲིན་སྐྱོང་གནང་མཛད་བཞིན་པའི་ཐོག་ ཁ་ས་གྲོང་ཁྱེར་དེའི་ནང་ཨ་ར་ལྦ་ལི་འཛིན་སྐྱོང་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ ལྟེ་གནས་ཁང་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་བོད་འབྲེལ་བའི་གནད་དོན་དང་རྒྱ་དཀར་ནག་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་གསུང་བཤད་དང་ འདྲི་བར་བཀའ་ལན་བསྩལ་གནང་མཛད་ཡོད་པ་རེད་ རྒྱ་བོད་འབྲེལ་བའི་ཐད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་རང་སྐྱོང་ཀྱི་ཐོབ་ཐང་དགོས་པའི་བཞེངས་ཕྱོགས་བསྐྱར་སྣོན་གནང་པ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཀྱི་སྲིད་ཇུས་འོག་ བོད་ཀྱི་ཆོས་དང་རིག་གཞུང་ སྐད་ཡིག་ ཡུལ་སྲོལ་གོམས་གཤིས་བཅས་ཉམ་ཉེས་ཆེན་པོ་འགྲོ་བའི་གནས་སྟངས་ལ་ཐུགས་འཚབ་གསལ་འདོན་གནང་ཡོད་པ་རེད་ དེ་ཡང་༸གོང་ས་མཆོག་གིས་དེང་སྐབས་བོད་ནང་དཔལ་འབྱོར་གྱི་ཡར་རྒྱས་དགོས་ངེས་ཤིན་ཏུ་ཆེ་བར་སོང་  རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ལོགས་སུ་གནས་རྒྱུ་ཁག་པོ་ཆགས་ཡོད་ ཡིན་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ང་ཚོས་ངོས་ལེན་བྱ་ཐབས་མེད་ཅེས་གསལ་འདོན་གནང་བཞག གཞན་ཡང་ཚོགས་བཅར་བའི་ཁྲོད་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ནང་རྒྱ་གར་ཚོགས་ཞུགས་བྱ་རྒྱུའི་གནད་དོན་སྐོར་བཅར་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ནང་རྒྱ་གར་འཛུལ་ཞུགས་བྱ་རྒྱུའི་ལས་དོན་ལ་རྒྱབ་བསྐྱོར་ནན་བརྗོད་གནང་པ་མ་ཟད་ དེ་ཡང་གཏན་འཇགས་ཚོགས་མི་རྒྱལ་ཁབ་ཁོངས་སུ་ཚུད་དགོས་པའི་གནས་བབ་འོས་ཤོས་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་ མཐའ་དོན་དུ་༸གོང་ས་མཆོག་ནས་གོང་གསལ་ལྟེ་གནས་ཁང་གི་སློབ་ཕྲུག་རྣམས་ལ་དུས་རབས་༢༡པ་དེ་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་རྒྱུར་མི་ཐོག་གསར་པའི་གཞོན་ནུ་སློབ་ཕྲུག་ཚོར་འཛམ་གླིང་ཞི་བདེར་ཕན་པའི་འགྱུར་བ་གཏོང་རྒྱུ་དང་ འཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལས་འགན་དང་འགན་འཁྲི་ལེན་དགོས་པའི་སྐོར་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།