ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་རྡ་རམ་སཱ་ལར་ཕེབས་ཀྱི་འདུག

དངདང
གནས་ཚུལ་ལྟར་ན། འདི་ཚེས་༨་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པའི་གྲས་སྐུ་ཞབས་ཇེ་རི་ཨོ་སྦེར་ཧྥལ་ཛེར་(Jiri Oberfalzer)་ལགས་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་། ཁོང་འདི་ལོའི་གསུམ་བཅུའི་དུས་དྲན་སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༣་པ་སྲུང་བརྩིའི་ཉིན་གྱི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གདན་ཞུ་གནང་བ་ལྟར་ཕེབས་ཀྱི་ཡོད་པ་དང་། ཁོང་ནི་བོད་དོན་ཐད་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད།
ཕྱི་ལོ་༢༠༡༩་ལོར་ཁོང་གིས་ཐུགས་འགན་གཙོ་བོ་བཞེས་པའི་འོག སྐབས་དེ་དུས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གཞུང་འབྲེལ་གྱི་ཐོག་ནས་སྣེ་ལེན་ཞུས་ཡོད་པ་དང་། དེ་བཞིན་ལོ་སྔོན་མའི་སྤྱི་ཟླ་༡༡་པའི་ནང་སུད་ཛར་ལེནཌའི་གྲོང་ཁྱེར་ཇེ་ནི་ཝར་ཚོགས་པའི་བོད་དོན་གླེང་སྟེགས་ཀྱི་ཚོགས་འདུའི་ཐོག་ཆེད་ཕེབས་གནང་ནས་གཏམ་བཤད་དང་། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཡང་མཇལ་འཕྲད་ཞུས་ཡོད་པ་རེད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ནི་ཆབ་སྲིད་ཚོགས་པ་སྣ་མང་འདུས་པའི་མནའ་འབྲེལ་གྱི་གཞུང་ཞིག་ཡིན་པ་དང་། གཞུང་དེའི་གྲོས་ཚོགས་གོང་མར་ཚོགས་གཞོན་མི་བཞི་ཡོད་པ་ནས་གཅིག་ཡིན་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།