མགོ་ལོག་ནས་གཞོན་སྐྱེས་བརྒྱ་ལྷག་ངལ་རྩོལ་ལས་སྤོའི་མིང་ཐོག་རྒྱ་ནག་ཧྲང་ཧེ་རུ་བཏང་འདུག

2023.03.20
མགོ་ལོག་ནས་གཞོན་སྐྱེས་བརྒྱ་ལྷག་ངལ་རྩོལ་ལས་སྤོའི་མིང་ཐོག་རྒྱ་ནག་ཧྲང་ཧེ་རུ་བཏང་འདུག མགོ་ལོག་ནས་གཞོན་སྐྱེས་བརྒྱ་ལྷག་ངལ་རྩོལ་ལས་སྤོའི་མིང་ཐོག་རྒྱ་ནག་ཧྲང་ཧེ་རུ་བཏང་བའི་མཛད་སྒོ
Chinese State Media

ཉེ་ཆར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ས་གནས་རྒྱ་ནག་གཞུང་གིས། མགོ་ལོག་ཁུལ་འོག་གི་རྫོང་ཁག་སོ་སོ་ནས་བོད་མི་གཞོན་སྐྱེས་ཕོ་མོ་བརྒྱ་ལྷག་བསྡུ་རུབ་ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་གཙོས་པའི་ཉེ་འཁོར་ས་གནས་ཁག་ལ་ལས་ཀར་ཞུགས་ཆེད་ཡིན་པ་བརྗོད་ནས་ཁྲིད་ཡོད་འདུག
གནས་ཚུལ་དེ་རྒྱུས་ཡོད་བཙན་བྱོལ་དུ་གནས་པའི་བོད་མི་གཞན་ཞིག་གིས། དེ་ནི་ཉེ་ཆར་མགོ་ལོག་ཁུལ་གྱི་རྫོང་ཁག་སོ་སོའི་ས་གནས་གཞུང་གི་འབྲེལ་ཡོད་ལས་བྱེད་ཁག་གིས། ས་གནས་ཀྱི་བོད་མི་སློབ་གྲྭ་ཆེན་མོར་འགྲོ་ཐུབ་མེད་མཁན་དང་། སློབ་གྲྭ་ཆེན་མོར་སོང་ནའང་། ལས་ཀ་རག་མེད་མཁན་སོགས་ཀྱི་མོང་ཐོ་བསྡུས་ནས་དེ་དག་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་ལས་ཀའི་ཆེད་ཁྲིད་འགྲོ་གི་ཡོད་པ་བརྗོད་འདུག་ལ། གཞོན་སྐྱེས་མང་པོ་ཞིག་གིས་དེ་ནི་ལས་ཀའི་གོ་སྐབས་ཡག་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག་ཟེར།
དེའི་ཐད་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་། སྤྱི་ལོ་༢༠༢༣་ལོའི་ཐེངས་དང་པོ་མཚོ་སྔོན་ཞིང་ཆེན་ཕྱི་རོལ་དུ་ངལ་རྩོལ་ལས་སྤོ་ཆེད་ངལ་རྩོལ་བ་མི་གྲངས་༡༡༩ཕྱིར་ཐོན་བྱས་བ་ནི། ཧྲང་ཧེ་དང་། ཅང་སུའུ། ཀྲེ་ཅང་སོགས་སུ་ཟ་ཁང་གི་ལས་རིགས་དང་། བདེ་འཇགས་སྐོར་སྲུང་གི་ལས་ཀ། ཐོན་ལས་བཟོ་བསྐྲུན་དང་། གློག་རྡུལ་ཚོང་ལས། མཛེས་བཟོ་སྐྲ་ཁང་སོགས་ཀྱི་ལས་རིགས་ནང་བཀོད་སྒྲིག་བྱས་ཡོད་པ་དང་། ཟླ་རེར་མི་རེ་ལ་གླ་ཕོགས་རྒྱ་སྒོར་དྲུག་སྟོང་ཡས་མས་ཀྱི་ཡོང་འབབ་ཡོད་ཚུལ་བཀོད་འདུག

golok (1).jpg
ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ཀྱི་སློབ་གྲྭ་ཆེན་མོའི་ཆབ་སྲིད་དང་ཚན་རིག་གི་དགེ་རྒན་ཆེན་མོ་(Xia Ming)་ལགས་ཀྱིས། རྒྱ་ནག་ནང་ལས་ཞུགས་སུ་བསྐྱོད་པ་དེ་ཕར་ལྟ་དུས་ཧ་ཅང་ཡག་པོ་ཡོད་པའི་རྣམ་པ་ཞིག་བསྟན་ཡོད་ནའང་། དོན་དངོས་རྒྱ་ནག་གིས་ཚོང་ལས་དཔལ་འབྱོར་གོང་སྤེལ་གཏོང་སྐབས་གྲངས་ཉུང་བོད་མི་རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་འཇུག་ཐབས་ལས་དོན་ཤུགས་ཆེན་སྤེལ་བཞིན་པ་ཞིག་དང་། དབུལ་སྐྱོར་ཀྱི་མིང་འོག་ནས་བརྟན་ལྷིང་གི་ལས་དོན་ཐད་ཤུགས་སྣོན་བྱེད་བཞིན་པ་ཞིག་རེད། མ་ཟད་བོད་མི་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ནང་མཉམ་བསྲེས་ཀྱི་ནུས་པ་ཤུགས་ཆེར་བཏང་ནས་མི་རིགས་ཀྱི་དེ་རང་བཞིན་གྱིས་སེལ་ཐབས་བྱེད་བཞིན་པ་རེད་ཅེས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ལྟར་ན། ༢༠༡༠ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཟེར་བ་རྒྱ་གན་གི་ཧྲང་ཧེ་གྲོང་ཁྱེར་ཀྱི་ཁར་ཐུག་རོགས་སྐྱོར་དབུལ་སྐྱོར་ཀྱི་ས་ཁུལ་ཁྲོད་བཅུག་ནས་ད་བར་ལོ་༡༣་ལྷག་ཕྱིན་ཡོད་འདུག


གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎