༢༠༢༡་ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་བྱས་འདུག


2020.09.28
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་སྐབས། ༩།༢༨།༢༠༢༠ བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་སྐབས། ༩།༢༨།༢༠༢༠
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་བྱས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས་དང་། འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་བཅས་ཀྱི་ཐོག་ནས། སྤྱི་ཟླ་༩་པའི་ཚེས་༢༨་ཉིན་མོར་བཞུགས་སྒར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསལ་བསྒྲགས་ཤིག་སྤེལ་སྐབས། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག་ནས། ཕྱི་ལོ་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་གནང་ཡོད་པ་འགྲེལ་བརྗོད་གནང་བ་དང་། གལ་ཏེ་འོས་ཤོག་གྲངས་ཚད་གཅིག་པའི་དངོས་གཞིའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ། འོས་གཞི་གསུམ་འདོན་རྒྱུ་དང་། གལ་ཏེ་དངོས་གཞིའི་འོས་གཞི་དང་པོ་གྲངས་ཚད་གཅིག་གྱུར་གཉིས་ཐོན་ཚེ། དེ་གཉིས་རང་ལ་འོས་གཞིར་ཐག་གཅོད་ཞུ་རྒྱུ་ཡིན་པ་གསུང་གི་འདུག
འོས་བསྡུའི་བཀོད་རྒྱ་ས་གནས་སུ་འབྱོར་རྒྱུའི་ལམ་འགོར་དུས་ཚོད་ནི། ༢༠༢༠་ཟླ་༡༢་པའི་ཚེས་༢ནས་༢༠༢༠ལོའི་ཟླ་༡༢པའི་ཚེ་༡༢བར་ཡིན་པ་དང་། ས་གནས་སུ་མང་ཚོགས་འདུ་འཛོམས་དང་དྲིལ་བསྒྲགས་ཀྱི་དུས་ཚོད་ནི་༢༠༢༠ཟླ་༡༢པའི་ཚེས་༡༣ནས་༢༠༢༠ཟླ་༡༢པའི་ཚེས་༢༢བར་ཡིན་པ། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་དུས་ཚེས་ནི། ཕྱི་ལོ་༢༠༢༡ལོའི་ཟླ་༡པོའི་ཚེས་༣ཉི་མ་ཡིན་པ་གསལ་འདོན་གནང་གི་འདུག
དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད་ནི། ༢༠༢༡ཟླ་༡ཚེས་༢༩ནས་༢༠༢༡ཟླ་༢པའི་ཚེས་༧བར་དང་། སྒྲིག་གསལ་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱུ་རྒྱུའི་དུས་ཚེས་ནི། ༢༠༢༡ཟླ་༢པའི་ཚེས་༨ཉི་མ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་ཆེན་མོའི་དུས་ཚེས་ནི། ༢༠༢༡ཟླ་བ་༤པའི་ཚེས་༡༡ཉིན་དང་། སྤྱི་ཟླ་༥པའི་ཚེས་༡༤ཉིན་འདེམས་ཐོན་སྲིད་སྐྱོང་གསལ་བསྒྲགས་བྱ་རྒྱུ་ཡིན་པ་ཐག་གཅོད་གནང་ཡོད་འདུག

འོས་བསྡུ་ལས་ཁང་ནས་དེ་མཚུངས་སུ་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་ཀྱང་གཏན་འབེབས་ཐག་གཅོད་གནང་ཡོད་ཅིང་། འཛམ་གླིང་འདིར་(covid-19)་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་སོགས། དམིགས་བསལ་ཛ་དྲག་ཆགས་ན་གདོང་ལེན་གྱི་གྲ་སྒྲིག་ཐད། འོས་བསྡུའི་སྤྱི་ཁྱབ་པས་དཀའ་ངལ་ག་རེ་འཕྲད་ཀྱང་འོས་བསྡུ་ལས་རིམ་འགྲོ་ཐུབ་པར། འབད་བརྩོན་གྱི་ཆོད་སེམས་བརྟན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་ཏོག་དབྱིབས་རིམས་ནད་ལ་མཚོན་ན་རྒྱ་གར་ནང་མར་ཟགས་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་དང་། ང་ཚོས་རྩོལ་བ་བྱས་ན་ཡོང་གི་ཡོད་པའི་སྒྲུབ་བྱེད་འདྲ་བོ་ཞུས་པ་ཡིན་ན། འོས་བསྡུའི་མིང་གཞུང་དེབ་འགོད་ཀྱིས་གསལ་བོ་ཆགས་ཡོད་པ་དང་། གློ་བུར་གྱི་གནས་སྟངས་ཆགས་ན་དེ་ལ་དཔག་པའི་གདོང་ལེན་གྱི་བསམ་ཞིབ་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ད་ཆ་ཡོངས་གྲགས་སྤྱི་ཚོགས་ནང་སྲིད་སྐྱོང་ལ་བཞེངས་མཁན་དྲིལ་བསྒྲགས་གནང་བཞིན་པ་ནི། བྱང་ཨ་རི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། བཀའ་ཟུར་བློ་བཟང་སྙན་གྲགས་ལགས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲ་ཤིས་དབང་འདུས་ལགས་དང་། ཤི་ལོང་གནས་སྡོད་བཀྲ་ཤིས་སྟོབས་རྒྱལ་ལགས་བཅས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎