ཆོས་མཆོག་ལགས་ལོ་གཉིས་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་བྱུང་འདུག

2020-02-14
གློག་འཕྲིན།
མཆན།
Share
པར་བཀོད།
དགེ་འདུན་པ་ཆོས་མཆོག་ལགས། ༼ཟླ་ཚེས་མི་གསལ
དགེ་འདུན་པ་ཆོས་མཆོག་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།

རྫ་སྨད་དབོན་པོ་དགོན་པའི་དགེ་འདུན་པ་ཆོས་མཆོག་ལགས་ལོ་གཉིས་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་བྱུང་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་བཞུགས་པའི་དགེ་འདུན་པ་ཞིག་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་བའི་རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཆོས་མཆོག་ལགས་ལོ་ངོ་གཉིས་ཙམ་རིང་བཙོན་འཇུག་བྱས་རྗེས་༢༠༢༠་ཟླ་ ༢ ་ཚེས་ ༦་ཉིན་བཙོན་གྲོལ་བྱུང་ཡོད་འདུག
དགེ་འདུན་པ་ཆོས་མཆོག་ལགས་༢༠༡༧་ཟླ་ ༡༢་ཟླ་མཇུག་ཏུ་མགོ་ལོག་དར་ལག་རྫོང་ཐོག་ཏུ་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་པ་དང་། འཛིན་བཟུང་མ་བྱས་པའི་སྔོན་དུ་ཁོང་གིས་ ༢༠༡༧ ་ཟླ་ ༡༢ ་ཚེས་ ༢༣ ་ཉིན་དཀོན་པེ་ལགས་ཀྱིས་རྔ་བ་ནས་རང་ལུས་མེར་བསྲེགས་པའི་པར་ཞིག་རང་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་བཞག་པའི་མཚན་མོ་དེར་གློ་བུར་དུ་འཛིན་བཟུང་བྱས་ནས་ད་བར་ལོ་གཉིས་ལྷག་རིང་བཙོན་འཇུག་བྱས་བ་ཡིན་འདུག
ད་ལྟའི་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་ཁ་གསལ་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།