བལ་ཡུལ་གཞུང་གིས་བོད་མི་རྣམས་ལ་ཞི་བའི་ངོ་རྒོལ་བྱས་བཅུག་པ།

བལ་ཡུལ་གཞུང་གིས་ཐེངས་དང་པོ་བཙན་བྱོལ་བོད་མི་རྣམས་རྒྱལ་ས་ཀཊ་མན་ཌུ་ཡི་ནང་ཞི་བའི་ངོ་རྒོལ་གནང་བཅུག་ཡོད་འདུག
2008-04-28
གློག་འཕྲིན།
མཆན།
Share
པར་བཀོད།

 

༄༅༎བལ་ཡུལ་གཞུང་གིས་ཐེངས་དང་པོ་བཙན་བྱོལ་བོད་མི་རྣམས་རྒྱལ་ས་ཀཊ་མན་ཌུ་ཡི་ནང་ཞི་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་བཅུག་ཡོད་པ་རེད། རེ་གཟའ་ཟླ་བའི་རྔམ་སྟོན་ཁྲོམ་བསྐོར་དེར་བོད་མི་༣༠༠༠་ཙམ་ཞིག་མཉམ་ཞུགས་གནང་བའི་ཁུངས་མང་པོ་ཞིག་དགེ་འདུན་པ་དང་བཙུན་མ་ཡིན་ཞིང་ཁོང་ཚོས་ཉེ་ལམ་བོད་ནང་བོད་མིའི་ཞི་བའི་ངོ་རྒོལ་ཐོག་མར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཞིབ་འཇུག་གནང་དགོས་པའི་ཞུ་བསྐུལ་གནང་ཡོད་པ་རེད། བལ་པོའི་བསྐོར་སྲུང་བའི་དཔོན་རིགས་ཤིག་གིས་བོད་མི་རྣམས་ཀྱིས་རྒྱལ་སའི་དབུས་ཕྱོགས་ས་ཁུལ་ནང་ངོ་རྒོལ་གྱི་ལས་འགུལ་མ་གནང་ཚེ་དེ་དོན་ཆོག་རྒྱུའི་གོང་རིམ་ནས་བཀའ་ཕེབས་ཡོད་སྐོར་གསུངས་འདུག ངོ་རྒོལ་གནང་མཁན་བོད་མི་རྣམས་ཀྱིས་རྒྱལ་སའི་འཕགས་ཤིང་

མཆོད་རྟེན་ནས་འགོ་བཙུགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཀི་ལོ་མི་ཊར ༢ ཙམ་རིང་

གོམ་བགྲོད་གནང་ཡོད་པ་དང་། ས་གནས་ཀྱི་རྒྱལ་ཚོགས་ལས་ཁུངས་སུ་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཚེ་་སྲོག

ལེན་པ་དང་གཞན་ཡང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་གནད་དོན་ཁག་ཐོག་ཞིབ་འཇུག་གནང་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་པ་རེད། རྒྱལ་ཚོགས་ཀྱི་ལས་ཁུངས་ལ་ཞུ་ཡིག་ཕུལ་མཁན་ཁུངས་སྒྲོལ་མ་མཚོ་མོ་ཞུ་བ་ཞིག་གིས་

རྒྱལ་ཚོགས་ཀྱི་ས་གནས་ལས་ཁུངས་དེས་དབུས་ལས་ཁུངས་ལ་ཞུ་ཡིག་དེ་ཕུལ་རྒྱུའི་མཁས་ལེན་གནང་བྱུང་སྐོར་གསུངས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།