ཕ་རན་སི་རྒྱ་ནག་གཞུང་ཚབ་མདུན་བོད་དོན་ངོ་རྒོལ་གྱི་ལས་འགུལ།

2021.01.30
ཕ་རན་སི་རྒྱ་ནག་གཞུང་ཚབ་མདུན་བོད་དོན་ངོ་རྒོལ་གྱི་ལས་འགུལ། ཕ་རེན་སིའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོ་བོར་གྱུར་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་Paris ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་འདུག
བསོད་ནམས་བསྟན་འཛིན།

དེ་ཡང་ཕ་རེན་སིའི་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བསྟན་རྣམ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན།  ད་རེས་ཁོང་རྣམས་པས་རྒྱ་ནག་གཞུང་ཚབ་མདུན་ལས་འགུལ་དེ་ལྟར་སྤེལ་གནང་དགོས་དོན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་མཚམས་འཇོགས་དགོས་པའི་འབོད་སྐུལ་དང་སྦྲགས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་བ་ཡིན་པ་གསུངས་ཀྱི་འདུག

ཡང་ཁོང་གིས་ད་རེས་ཀྱི་ལས་འགུལ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་ཕ་རེན་སིའི་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔ་ཙམ་མཉམ་རུབ་ཀྱིས་སྤེལ་གནང་ཡོད་པ་དང་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཇི་ལྟར་ཡོད་མིན་ལ་མ་ལྟོས་པར་ལས་འགུལ་དེའི་ནང་མི་མང་བརྒྱ་ལྷག་མཉམ་འཛོམས་ཐུབ་པ་བྱུང་ཡོད་ལུགས་གསུངས་ཀྱི་འདུག

ཡང་བསྟན་རྣམ་ལགས་ཀྱིས་ཁ་སའི་ཉིན་ཤས་གོང་བོད་མིའི་ངོ་རྒོལ་སྐད་བོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་རྒྱ་ནག་གཞུང་གིས་ཉེས་རྡུང་འོག་འདས་གྲོངས་སུ་གྱུར་བའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་ཀྱི་གནས་ཚུལ་སྐོར་ཕ་རན་སི་རླུང་འཕྲིན་ནང་རྒྱང་བསྲིང་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གི་ཉེན་རྟོག་པས་ཉེས་གདུང་ཚད་མེད་བཏང་ནས་རྐྱེན་འདས་སུ་འགྱུར་བའི་བོད་པའི་གཞོན་སྐྱེས་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་འདས་གྲོངས་ཕྱིན་པའི་གནས་ཚུལ་དང་  བོད་ཀྱི་སྐད་ཡིག་འཐབ་རྩོད་པ་བཀྲིས་དབང་ཕྱུག་ལགས་སུ་ཉེས་པ་གང་ཡང་མེད་པར་རྒྱ་གཞུང་གིས་ལོ་ལྔ་བཙོན་འཇུག་བྱས་པ་སོགས་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎