སྤྱི་ལོ་༡༩༨༧ལོའི་ཞི་རྒོལ་ལས་འགུལ་ལ་དྲན་གསོ་གནང་ཡོད་པ།

རྒྱ་གར་ལྷོ་ཕྱོགས་བོད་མི་རྣམས་ཀྱིས་ཕྱི་ལོ་༡༩༨༧ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་བདུན་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཞི་རྒོལ་དེར་དྲན་གསོ་གནང་བ།

2008-09-29
Share

༄༅༎རྒྱ་གར་ལྷོ་ཕྱོགས་བོད་མི་རྣམས་ཀྱིས་ཕྱི་ལོ་༡༩༨༧ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་བདུན་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཞི་རྒོལ་ལངས་དེ་མར་མེའི་ཁྲོམ་སྐོར་གནང་ནས་དྲན་གསོ་གནང་ཡོད་པ་རེད་

ཕྱི་ཚེས་ཉི་ཤུ་བདུན་ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མའེ་སོར་ནང་སྲུང་བརྩི་ཞུས་པའི་མར་མེའི་ཁྲོམ་སྐོར་དེ་ཧུན་སུར་དང་སྦེ་ལ་ཀོ་པི། ཀོ་ལི་གལ་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ རྒྱ་གར་ལྷོ་ཕྱོགས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་ དུས་དྲན་སྲུང་བརྩིའི་མཛད་སྒོར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བློ་བཟང་དཔལ་ལྡན་ལགས་ཀྱིས་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པ་ནས་བཟུང་དེར་ངོ་རྒོལ་གྱི་ལས་འགུལ་མང་དག་ཅིག་སྤེལ་བ་ནས་ཕྱི་ལོ་༡༩༨༧ལོའི་ངོ་རྒོལ་དེ་གཞི་རྒྱ་དང་ངར་ཤུགས་ གྲུབ་འབྲས་ལྡན་པ་དེ་འདྲ་བྱུང་མེད་སྐཀོར་དང་ང་ཚོས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་མང་པོ་ཅིག་ཧུ་ཇིན་ཏའོས་དམར་བསད་བཏང་བ་དེ་ནམ་ཡང་བརྗེས་ཐབས་མེད་སྐོར་གསུང་འདུག ཡང་ཁོང་གིས་ད་ལྟའི་དུས་སྐབས་འདིར་བོད་ཕྱི་ནང་གཉིས་སུ་གནས་པའི་གཞུང་མང་གཉིས་ཀས་རང་དབང་གི་ལས་འགུལ་དེ་རྣོ་ངར་ལྡན་པ་ཞིག་དང་ང་ཚོའི་འཐབ་རྩོད་དང་གནད་དོན་དེ་འཛམ་གླིང་མི་མང་གིས་མཁྱེན་རྟོགས་ཡོང་བ་བཟོ་ཐུབ་པ་གནང་དགོས་ཞེས་གསུང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།