འཇིགས་སྣང་ཡོད་སར་ཡིད་ཆེས་དང་བརྟན་ལྷིང་ཇི་ལྟར་བསྐྲུན་ཐུབ།


2017.08.07
་གར་གྱི་བརྙན་འཕྲིན་ལས་ཁང་(TimesNow)་ཡིས་༧གོང་ས་མཆོག་ལ་བཅའ་འདྲི་ཞུ་བཞིན་པ། ༢༠༡༧།༨།༦ ་གར་གྱི་བརྙན་འཕྲིན་ལས་ཁང་(TimesNow)་ཡིས་༧གོང་ས་མཆོག་ལ་བཅའ་འདྲི་ཞུ་བཞིན་པ། ༢༠༡༧།༨།༦
ཽOHHDL

རྒྱ་ནག་གཞུང་གིས་བརྟན་ལྷིང་དགོས་ཟེར་གྱི་ཡོད་ཀྱང་དེའི་ཆེད་དུ་སྤེལ་བའི་ཐབས་ལམ་གིས་མི་མང་ལ་འཇིགས་སྣང་སློང་གི་ཡོད་པས་འཇིགས་སྣང་ཡོད་སར་ཡིད་ཆེས་དང་། བརྟན་ལྷིང་ཇི་ལྟར་བསྐྲུན་ཐུབ་ཅེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པའི་བཅའ་འདྲིར་བཀའ་ལན་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་བརྟན་ལྷིང་དགོས་ཀྱི་ཡོད་སྐོར་ཟེར་གྱི་ཡོད་ཀྱང་དེའི་ཆེད་སྤེལ་བའི་ཐབས་ལམ་ཁག་གིས་འཇིགས་སྣང་སློང་གི་ཡོད་པ་རེད། འཇིགས་སྣང་ཡོད་སར་ཡིད་ཆེས་མེད་པ་དང་། ཡིད་ཆེས་མེད་ན་ཞི་མཐུན་མཉམ་གནས་དང་བརྟན་ལྷིང་ཇི་ལྟར་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་དམ་ཞེས་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་(TimesNow)་ཡི་གསར་འགོད་པ་སྐུ་ཞབས་Srinjoy Chowdary ་ཡིས་རྒྱ་ནག་གཞུང་ངོས་ནས་༧མགོན་པོ་གང་ཉིད་དང་། རྒྱ་གར་ཐོག་དྲག་ཤུགས་ཅན་གྱི་སྲིད་ཇུས་འཛིན་བཞིན་པའི་སྐོར་ཕྱི་ཚེས་༦་ཉིན་བཅའ་འདྲི་ཞུ་སྐབས་བཀའ་ལན་སྩལ་གནང་མཛད་འདུག
ཡང་གསར་འགོད་པས་༧གོང་ས་མཆོག་འདི་ལོའི་ལོ་སྟོད་ལ་རྒྱ་གར་བྱང་ཤར་Arunachal་Pradesh་མངའ་སྡེའི་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱངས་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས་དེར་གཙོ་བོ་དགོས་དོན་གཉིས་ཡོད་པ་ནས་དང་པོ་ནི་ས་གནས་གཞུང་མང་གཉིས་ཀས་བརྩེ་སེམས་ཤུགས་ཆེ་བཏོན་བའི་ཐོག་ནས་གདན་ཞུ་གནང་བ་དང་། གཉིས་པ་དེ་ནི་ཕྱི་ལོ་༡༩༥༩་ལོར་༧གོང་ས་མཆོག་རྒྱ་གར་ནང་ཕེབས་སའི་ས་ཆ་དང་པོ་དེ་མོན་རྟ་དབང་ཡིན་སྟབས་ས་གནས་དེ་ནི་༧གང་ཉིད་ཀྱི་ཐུགས་ཚོར་དང་འབྲེལ་བ་ཆེན་པོ་ཡོད་སྐོར་བཀའ་གནང་འདུག
ཡང་དེང་སྐབས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཐད་བཅའ་འདྲི་ཞུ་སྐབས་༧གོང་ས་མཆོག་གིས་རྒྱ་གར་དང་རྒྱ་ནག་གཉིས་ཀ་རྒྱལ་ཁབ་ཆེ་ལ་ལོ་རྒྱུས་རིང་པོ་ཡོད་པའི་སྔ་མོའི་རྒྱལ་ཁབ་ཡིན་པ་དང་། དེ་སྔ་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་ལ་དམག་མི་རྩ་བ་ནས་མེད་ན་ཡང་རྒྱ་མིས་བོད་བཅིངས་བཀྲོལ་བཏང་ཚུལ་བཤད་པའི་རྗེས་སུ་ས་མཚམས་ཁུལ་ལ་རྒྱ་མིའི་དམག་མི་འགྲེམས་འཇོག་བྱས་སྐོར་བཀའ་གནང་བ་མ་ཟད། ད་ལྟའི་དཀའ་རྙོག་དེ་བཞིན་ཕྱོགས་གཉིས་ཀར་ཁེ་ཕན་ཡོང་བའི་དམིགས་ཡུལ་སྒྲུབ་ཐབས་ཤིག་བྱེད་དགོས་པའི་སྐོར་སོགས་བཀའ་གནང་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མུ་མཐུད་བྱེད་བཞིན་པའི་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་ནས་ཕྱི་ལོ་༡༩༧༤་ནས་བཟུང་བོད་རང་བཙན་རྩོད་ལེན་མཛད་ཀྱི་མེད་པ་གསལ་པོ་བཟོས་གནང་བ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཁོངས་སུ་བོད་གནས་ཚེ་དཔལ་འབྱོར་ཐོག་ནས་བོད་ལ་ཁེ་ཕན་ཡོང་རྒྱུ་དང་དུས་མཚུངས་དཔལ་ལེནྜ་ནས་བརྒྱུད་པའི་ལོ་༡༠༠༠་ལྷག་གི་གོང་ནས་བོད་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་གནང་དགོས་ངེས་ཅན་ཡིན་ལ་དེང་སྐབས་རྒྱ་མི་རིགས་མང་པོས་བོད་བརྒྱུད་ནང་བསྟན་ནི་ཁྱབ་ཆེ་ལ་ལྷད་མེད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བཀའ་ལན་སྩལ་བ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེ་ཡིན་སྐོར་སོགས་བཀའ་ལན་བསྩལ་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎