བཙོན་ཟུར་ཚེ་མགོན་རྒྱལ་བསྐྱར་དུ་འཛིན་བཟུང་བྱས་འདུག

2016-12-23
གློག་འཕྲིན།
མཆན།
Share
པར་བཀོད།
བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཀྱི་ཉེ་པར།
བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཀྱི་ཉེ་པར།
TCHRD

རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙོན་ཟུར་ཚེ་མགོན་རྒྱལ་བསྐྱར་དུ་འཛིན་བཟུང་བྱས་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། སྤྱི་ཟླ་༡༢་བའི་ཚེས་༩་ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས། རྒྱ་ནག་གཞུང་གི་ལས་བྱེད་དང་གསར་འགོད་པ་ཟུར་བ་ཡིན་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་བསྐྱར་དུ་འཛིན་བཟུང་བྱས་ཏེ། རྐང་ཚ་རྫོང་སྤྱི་བདེ་བཀག་ཉར་ཁང་དུ་བཙོན་འཛུགས་བྱས་ཡོད་པ་དང་། ཁོང་གི་ཕ་མ་གཉིས་གཙོས་པའི་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། ད་ཆར་ནང་མི་ཚོས་ཁོང་གི་གནས་སྟངས་ལ་སེམས་འཁྲལ་བྱེད་ཀྱིན་ཡོད་སྐོར་གསལ་བསྒྲགས་སྤེལ་སོང་།
གསར་འགོད་གསལ་བསྒྲགས་ནང་། སྤྱི་ལོ་༡༩༩༣་ལོའི་མགོར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་ཕྱི་སྡོད་གསང་བའི་རྩ་འཛུགས་ལ་ངན་འབྲེལ་བྱས་ཏེ་བོད་རང་བཙན་ཆེད་༼མདོ་སྨད་གཞོན་ནུ་འཆི་ཕོད་ཚོགས་པ་ ༽ཟེར་བ་ཞིག་བཙུགས་པར་ཁ་གཡར་ཏེ། ཚེ་མགོན་རྒྱལ་དང་ཀླུ་མཁར་བྱམས། གནམ་ལོ་ཡག་བཅས་འཛིན་བཟུང་གིས་གསང་བའི་བཙོན་འཇུག་བྱས་བ་ཡིན་འདུག
གསལ་བསྒྲགས་དེའི་མཇུག་ཏུ་རྒྱ་ནག་སྲིད་གཞུང་ལ་ཞུ་སྐུལ་དོན་ཚན་༤་བཏོན་ཡོད་པའི་ནང་། སྐུ་ཞབས་ཚེ་མགོན་རྒྱལ་ལགས་འཛིན་བཟུང་བྱེད་རྐྱེན་ལམ་སང་ཕྱི་བསྒྲགས་ཀྱིས་ཁོང་གི་ནང་མི་ཐུག་འཕྲད་དང་ཁྲིམས་རྩོད་པ་བཙལ་བའི་ཁེ་དབང་ལ་སྲུང་བརྩི་བྱེད་དགོས་པ་དང་། ཁོང་གང་མགྱོགས་གློད་གྲོལ་གཏོང་རྒྱུ་ལས་གསང་བའི་བཀག་ཉར་དང་ནག་ཉེས་བཀལ་མི་ཆོག་པ་སོགས་འཁོད་འདུག
ཚེ་མགོན་རྒྱལ་ལམ་རྐང་གཞོང་ཨ་ཚེ་ལགས་ནི། སྤྱི་ལོ་༡༩༦༣་ཟླ་༨་ཚེས་༡༢་ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོང་སློབ་ཆེན་མཐར་ཕྱིན་རྗེས་རིམ་པས་ས་གནས་གཞུང་གི་དགེ་རྒན་དང་རྫོང་ཉེན་རྟོག་ལས་ཁུངས་ནང་ཆེད་ལས་ལག་རྩལ་པའི་ཕྱག་ལས་གནང་བ་དང་། སྐབས་དེར་ཁོང་མཚོ་སྔོན་ཞིང་ཆེན་ནང་ཉེན་རྟོག་ཆེད་ལས་ལག་རྩལ་འཛིན་གྲྭའི་ནང་ཡོད་པའི་བོད་པ་༤་གྲས་ཀྱི་གཅིག་ཡིན་པ་དང་། ལས་ཞོར་དུ་ཁོང་གིས་༼མཚོ་སྔོན་བོད་ཡིག་གསར་འགྱུར༽དང༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽གཉིས་ཀྱི་གསར་འགོད་པ་ལོ་མང་གནང་བ་དང་ལས་ཞོར་ཕུལ་བྱུང་གསར་འགོད་པའི་རྟགས་མའང་ཐེངས་མང་བླངས་ཡོད་འདུག།

གསར་འགོད་པ་དབྱངས་སྒྲོན་དང། ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།