ཨ་རིས་འབར་མ་མཉམ་དུ་སླར་ཡང་འབྲེལ་བ་བྱ་འཆར་ཡོད་པ།

ཨ་མི་རི་ཀས་འབར་མའི་མཉམ་སླར་ཡང་འབྲེལ་བ་གནང་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་ཡོད་འདུག

2009-12-31
Share

༄༅༎ཨ་མི་རི་ཀས་འབར་མའི་མཉམ་སླར་ཡང་འབྲེལ་བ་གནང་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་ཡོད་འདུག

འབར་མའི་རང་བཙན་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་དུས་ཚོད་དང་སྟབས་བསྟུན་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། རང་བཙན་ཉི་མོར་འབར་མའི་མི་མང་ཚོར་འཚམས་འདྲི་དང་རྒྱབ་སྐྱོར་ཡོད་ཅེས་འཚམས་འདྲི་གནང་བ་དང་ཆབས་ཅིག་དྲག་པོའི་སྲིད་གཞུང་ངོས་ནས་མང་ཚོགས་ཀྱི་འདོད་མོས་ལྟར་མང་གཙོའི་འཕེལ་ཕྱོགས་ལ་གོམ་པ་མདུན་བསྐྱོད་བྱེད་པ་ཡིན་ན་ཨ་རིའི་ངོས་ནས་ཀྱང་འབྲེལ་བ་བཟང་དུ་གཏང་རྒྱུའི་གྲ་སྒྲིག་ཡོད་ཅེས་དང་། དྲག་པོའི་གཞུང་ནས་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་ཉིན་མོ་ཞིག་གང་མགྱོགས་སྐྲུན་ཐུབ་པའི་རེ་བ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།

འབར་མའི་ནང་འདས་པའི་ལོ་ངོ་ཉི་ཤུའི་རིང་དྲག་པོའི་སྲིད་གཞུང་ནས་འཛིན་སྐྱོང་བྱེད་བཞིན་ཡོད་པ་མ་ཟད་རྒྱལ་སྤྱིའི་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་མང་གཙོའི་ལམ་ལུགས་ཕྱོགས་སུ་བསྐྱོད་རྒྱུར་ནར་འགྱངས་བཏང་ཡོད་པ་རེད། ལྷག་པར་དུ་མང་གཙོ་ཚོགས་པའི་ཚོགས་གཙོ་ཨང་སན་སུ་ཅི་གཙོས་ཆབ་སྲིད་ཀྱི་དཔོན་རིགས་ཁག་ཅིག་ཡང་ན་བཟང་བཙོན་དང་ཡང་ན་བཙོན་བཅུག་བྱས་པ་སོགས་ཀྱིས་ཕྱིའི་ཡུལ་གྲུ་ཁག་ནས་དཔལ་འབྱོར་གྱི་ཉེས་ཆད་བཀེལ་ནས་འབྲེལ་བ་ཡག་པོ་ཞིག་མེད་པ་རེད། འབར་མ་དེ་བཞིན་དེ་སྔ་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་ནས་ལོ་འདིར་ལོ་ངོ་དྲུག་བཅུ་རེ་གཉིས་འཁོར་གྱི་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།