ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར།


2019.05.24
ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་སྐབས་ཀྱི་པར། ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་སྐབས་ཀྱི་པར།
ཨ་རིའི་གཞུང་ཚབ་ཁང།/Weibo

ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ནང་གི་ས་གནས་རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་ཚོ་དང་མཉམ་གནད་དོན་དུ་མ་ཞིག་གི་ཐོག་དོན་ཕན་ལྡན་པའི་གྲོས་མོལ་ལྷུག་པོ་གནང་བ་གནས་ཚུལ་སྤེལ་འདུག
བོད་དུ་འཚམས་གཟིགས་གནང་བཞིན་པ་རྒྱ་ནག་ཏུ་བཅའ་ཞུགས་ཨ་མི་རིཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ ཊེ་རི་སྦརནསྀ་ཊཱཌ་ Terry Branstad་ལགས་བོད་ཀྱི་རྒྱལ་ས་ལྷ་སར་འཚམས་གཟིགས་སྐབས་རང་སྐྱོང་སྲིད་གཞུང་གི་དཔོན་རིགས་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མི་སྣ་དང་མཇལ་འཕྲད་ཀྱིས་གནད་དོན་མང་པོའི་ཐད་དོན་ཕན་ལྡན་པའི་གྲོས་མོལ་ལྷུག་པོ་བྱུང་པ་གསུངས་འདུག  ཨ་རིའི་གཞུང་ཚབ་ཆེན་མོས་སྤེལ་བའི་གནས་ཚུལ་དེའི་ནང་། སེ་རྭ་དགོན་པར་ཕེབས་སྐབས་མ་འོངས་པའི་གྲྭ་པ་ནང་ཆོས་སློབ་གཉེར་བྱ་མཁན་དང་ཐུག་འཕྲད་བྱུང་བ་གསུངས་འདུག་པ་ནི་ཡ་མཚན་གྱི་ཚིག་བརྗོད་ཞིག་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་གོམས་སྲོལ་ནང་དགོན་པར་ཆོས་ཞུགས་ཟིན་ནས་དགེ་ཚུལ་སློང་གི་སྡོམ་པ་བླངས་ཟིན་པའི་གང་ཟག་ཞིག་ལ་གྲྭ་པ་ཞེས་འབོད་ཀྱི་ཡོད་པ་ལས། མ་འོངས་པའི་གྲྭ་པ་ཞེས་པའི་ཐ་སྙད་ཙམ་ཡང་མེད་པ་རེད།  ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་ནང་དགོན་སྡེ་གྲྭ་ཚང་ཁག་ཏུ་ཡོད་པའི་ལོ་ན་བཅོ་བརྒྱད་མ་ཟིན་པའི་གྲྭ་ཆུང་ཚོ་དགོན་པ་ནས་ཕྱིར་བཏོན་གྱིས་ས་གནས་ཀྱི་སློབ་གྲྭ་དཀྱུས་མའི་ནང་གཏོང་དུ་འཇུག་གི་ཡོད་པ་དང་། ལོ་ན་བཅོ་བརྒྱད་མ་ཟིན་པའི་བྱིས་པ་ཞིག་དགོན་པར་གྲྭ་པ་བཟོ་མི་ཆོག་པའི་ཁྲིམས་ཡང་ལག་བསྟར་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་པེ་ཅིང་ལ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Terry Branstad)་མཆོག་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ལྷ་ས་དམའ་རིམ་སློབ་གྲྭ་སོགས་སུ་འཚམས་གཟིགས་གནང་ཡོད་པ་གསུངས་འདུག་ལ།  ཕྱི་ཚེས་ ༢༤ ཉིན་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་འདྲ་པར་གསར་པ་ཁག་གཅིག་འདོན་སྤེལ་གནང་འདུག་པ་དེའི་ནང་། ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་། བར་སྐོར་སོགས་སུ་འཚམས་གཟིགས་ཕེབས་ཡོད་པ་ཡང་མཐོང་རྒྱུ་འདུག
ཁོང་བོད་དུ་ཕེབས་རིང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོ་དང་བཀའ་མོལ་ཇི་བྱུང་དང་། རྒྱ་ནག་གིས་སྟངས་འཛིན་ནན་པོའི་འོག་གི་འཚམས་གཟིགས་དེའི་ཐོག་གཟིགས་ཚུལ་ཇི་ཡོད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ངོས་ནས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་སུ་བཀའ་འདྲི་ཞུས་ཀྱང་། བཀའ་ལན་ཞིབ་ཕྲ་གང་ཡང་གནང་མེད་ཅིང་། འོན་ཀྱང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༥ ཚེས་ ༢༥ ཉིན་བོད་ཀྱི་འཚམས་གཟིགས་གྲུབ་རྗེས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་གནང་འཆར་ཡོད་འདུག
གཞུང་ཚབ་པ་སྐུ་ཞབས་ཊེ་རི་སྦརནསྀ་ཊཱཌ་མཆོག་གིས་ལྷ་སར་ཨ་མི་རི་ཀ་དང་རྒྱ་ནག་དབར་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་བསྐོར་འགྲིམ་གྲུལ་གྱི་ལས་གཞི་གསར་གཏོད་གནང་རྒྱུར་དམིགས་པའི་འདྲ་པར་གྱི་འགྲེམ་སྟོན་ཞིག་ཀྱང་དབུ་འབྱེད་གནང་ཡོད་པ་རེད།
ཨ་རིའི་གཞུང་ཚབ་པ་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་བཅས་སུ་ཕྱི་ཟླ་ ༥ ཚེས་ ༡༩ ནས་ ༢༥ བར་འཚམས་གཟིགས་གནང་ཞིང་། འདི་ནི་སྔ་ལོ་ཕྱི་ཟླ་ ༡༡ ནང་ཨ་རིའི་གཞུང་གིས་བོད་དུ་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཁྲིམས་ཡིག་གཏན་བེབས་གནང་པའི་རྗེས་བོད་དུ་ཕེབས་མཁན་གྱི་ཨ་རིའི་དཔོིན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད། ཨ་རིའི་ཁྲིམས་ཡིག་དེའི་ནང་རྒྱ་ནག་གི་དཔོན་རིགས་དང་མི་སེར། གསར་འགོད་པ་དང་ཤེས་ཡོན་ཅན་པ་སོགས་ཨ་རིའི་ནང་ཡོར་རྒྱུད་བཀག་འགོག་མེད་པར་མ་ཟད། ཨ་རིའི་ནང་ཡོང་རྗེས་ཨ་རིའི་ས་གནས་གང་དུ་ཕྱིན་ཡང་ཆོག་ཆན་དམིགས་བསལ་མི་དགོས་པ་ལྟར། ཨ་མི་རི་ཀའི་གཞུང་གི་དཔོན་རིགས་དང་གསར་འགོད་པ། ཨ་རིའི་མི་སེར་དང་ལྷག་པར་དུ་བོད་རིགས་ཨ་རིའི་མི་སེར་བོད་དུ་བཀག་འགོག་མེད་པའི་ཐོག་ནས་འགྲོ་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་འཁོད་ཡོད་པ་རེད། གལ་ཏེ་རྒྱ་ནག་གཞུང་ཕྱོགས་ནས་འདི་ལྟར་ལག་བསྟར་མ་བྱེད་ཚེ་དོ་དམ་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཐོག་འགྲིམ་གྲུལ་བཀག་སྡོམས་ལ་སོགས་པའི་ཉེས་ཆད་འགེལ་དགོས་པ་སོགས་ཨ་རིའི་ཁྲིམས་ཡིག་དེའི་ནང་འཁོད་ཡོད་པ་རེད།
༼པར་ཁུངས། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ།ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་སྐབས་ཀྱི་པར།ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་སྐབས་ཀྱི་པར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎