ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་ཐུག་འཕྲད་གནང་འདུག

2022.11.22
Share on WhatsApp
Share on WhatsApp
ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་ཐུག་འཕྲད་གནང་འདུག ཨ་རིའི་རྒྱལ་སྲུང་དྲུང་ཆེ་ (Lloyd Austin)་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥུན་ཧུ་(Wei Fenghe)་གཉིས་ཐུག་འཕྲད་གྲོས་མོལ་སྐབས། ༡༡།༢༢།༢༠༢༢
AP

ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ (Lloyd Austin)་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥུན་ཧུ་(Wei Fenghe)་གཉིས་འདི་ཚེས་༢༢རེས་གཟའ་མིག་དམར་ཉིན་ཁམ་བྷོ་ཌིས་ཡའི་(Cambodia)ནང་ཐུག་འཕྲད་གནང་ཡོད་པ་དང་། ཕྱོགས་གཉིས་ཀས་ཐེངས་འདིའི་གྲོས་མོལ་ཐད་སོ་སོའི་ལངས་ཕྱོགས་དང་རྒྱབ་འགལ་མ་བྱས་པའི་ཐོག་ནས་ཕན་ནུས་ལྡན་པ་ཐོན་ཚུལ་བརྗོད་འདུག ཡུལ་གྲུ་འདི་གཉིས་བར་ཐེ་ཝན་གྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་མང་པོའི་ཐད་འགལ་ཟླ་བྱུང་བཞིན་ཡོད་ཀྱང་། བདུན་ཕྲག་སྔོན་མར་ཨིན་རྡུ་ནི་ཤེ་ཡའི་ནང་ཡར་ཐོན་རྒྱལ་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་ཐོག་ཡུལ་གཉིས་ཀྱི་དབུ་ཁྲིད་ཀྱིས་མཐོང་དཀོན་པའི་མཇལ་འཕྲད་གནང་བ་ནས་བཟུང་ཕན་ཚུན་གྱི་འབྲེལ་ལམ་ཞི་འཇམ་དུ་གཏོང་བར་འབད་བཞིན་པ་རེད།
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གཉིས་བར་མཇལ་འཕྲད་སྐབས་སྨྲ་བརྗོད་ཆ་ནས་ཞི་འཇམ་ཡིན་ཡང་འགལ་ཟླ་སྔར་བཞིན་ཡོད་པ་གསལ་བོ་ཡིན་ན་ཡང་ཐེངས་འདིར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་བར་གྱི་ཐུག་འཕྲད་ཀྱིས་བསམ་ཚུལ་བརྗེ་རེས་ཀྱང་དེ་མཚུངས་ཡིན་པ་གནས་ཚུལ་ནང་བརྗོད་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དཔོན་རིགས་ཤིག་གིས། ད་ཐེངས་ཀྱི་ཐུག་འཕྲད་གྲོས་མོལ་དེ་ཕན་ནུས་ལྡན་པ་དང་ཆེད་ལས་བའི་ཐོག་ནས་གནང་ཡོད། ཕྱོགས་གཉིས་ཀ་ཐུན་མོང་གིས་འབད་བརྩོད་གནང་སྟེ་འགྲན་རྩོད་དེ་འགལ་ཟླ་ཆེན་པོར་མི་འགྱུར་བར་ཁག་ཐེག་བྱེད་བཞིན་ཡོད། འོན་ཀྱང་འགྲན་རྩོད་ནི་སྔར་བཞིན་ཡུལ་གཉིས་འབྲེལ་ལམ་ཐད་ཀྱི་དམིགས་བསལ་ཐག་གཅོད་ཡིན་པ་བརྗོད་འདུག
ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ངོས་ནས་བསྐྱར་དུ་དམག་ཕྱོགས་ཀྱི་གྲོས་མོལ་སྒོ་ཕྱེས་ཏེ་འགན་ཁུར་བའི་ཐོག་ནས་འགྲན་རྩོད་དོ་དམ་ཐད་རོགས་འདེགས་བྱེད་རྒྱུ་བརྗོད་འདུག
དེ་བཞིན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས། ཐེངས་འདིའི་གྲོས་མོལ་ཚོགས་འདུར་དྲང་བཞག་དང་གཏིང་ཟབ་དོན་དངོས་ཐོག་དགེ་མཚན་ལྡན་པ་གནང་ཡོད་པ་བརྗོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎