ཨ་རིའི་གྲོས་ཚོགས་འོག་མའི་ནང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྱི་ཁྲིམས་འཆར་གཏན་འབེབས་བྱུང་འདུག

2020-05-28
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་ཡུ་གུར་བ་(Ilham Tohti)་ལགས་ཀྱི་བུ་མོ་དང་བཀའ་མོལ་གནང་བཞིན་པ། ༢༠༡༩།༧།༡༧
ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་ཡུ་གུར་བ་(Ilham Tohti)་ལགས་ཀྱི་བུ་མོ་དང་བཀའ་མོལ་གནང་བཞིན་པ། ༢༠༡༩།༧།༡༧
AFP

ཨ་མི་རི་ཀའི་གྲོས་ཚོགས་འོག་མས་༢༠༢༠་ལོའི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྱི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གནང་འདུག
འདི་ཚེས་༢༨་རེས་གཟའ་ལྷག་པའི་ཉིན། ཨ་མི་རི་ཀའི་གྲོས་ཚོགས་འོག་མས་༢༠༢༠་ལོའི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྱི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གནང་འདུག
གོང་ཞུས་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་དེའི་སྔོན་ནས་རྒྱབ་སྐྱོར་ཐོབ་ཟིན་པ་ལྟར། ད་ཆ་ཨ་རིའི་སྲིད་འཛིན་(Trump)་ལགས་ཀྱིས་མཚན་རྟགས་རྒྱག་རྒྱུ་མ་གཏོགས་ལྷག་མེད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་ན་འགྲིག་རྒྱུ་མིན་ལུགས་རྒྱ་ནག་གིས་མི་འདོད་པའི་རྣམ་འགྱུར་དང་ཉེན་བརྡ་བཏང་མིན་ལ་མ་བལྟོས་བར། དེ་ནི་ཤིན་ཅིང་ཞེས་འབོད་པའི་རྒྱ་གཞུང་གིས་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་རང་སྐྱོང་ལྗོངས་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར། འཛམ་གླིང་ནང་གི་གཞུང་འཛིན་ཞིག་གིས་ཁྲིམས་འཆར་གཏན་འབེབས་གནང་བ་ཐོག་མ་དེ་ཡིན་པ་རེད།
ཨ་རིའི་གྲོས་ཚོགས་འཐུས་མི་༤༡༣་གྱིས་གོང་ཞུས་ཁྲིམས་འཆར་དེར་རྒྱབ་སྐྱོར་དང་། གྲོས་ཚོགས་འཐུས་མི་གཅིག་གིས་རྒྱབ་སྐྱོར་མེད་པའི་འོས་ཤོག་བླུགས་ནས། མཐའ་དོན་ཁྲིམས་འཆར་དེ་ཚད་མཐོ་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སྟབས། ད་ཆ་ཤིན་ཅིང་ཞེས་འབོད་པའི་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་མཁན་དང་། བཙན་དབང་གི་ཐོག་ནས་ངལ་རྩོལ་བཀོལ་བ་སོགས། ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་གཙོས་པའི་ཁ་ཆེའི་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་ཤིན་ཅིང་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་(Chen Quanguo)་གཙོས་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོར། ཨ་རིས་དཔལ་འབྱོར་གྱི་ཉེས་ཆད་འགེལ་ཆོག་གི་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཤིན་ཅིང་ཡུ་གུར་རང་སྐྱོང་ལྗོངས་ནང་། ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཅིག་དང་གྲངས་ཆུང་བརྒྱད་ལྷག་སྡོད་སྒར་ཁག་ནང་ཟུར་བཀག་བྱས་ཡོད་པ་རེད། གོང་ཞུས་ཁྲིམས་འཆར་དེ་ནི་ཟླ་བ་འདིའི་ཟླ་དཀྱིལ་ལ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སྐབས། རྒྱ་ནག་དམར་ཤོག་གཞུང་གིས་འདས་བའི་ལོ་གསུམ་གོང་ནས་བཟུང་ཡུ་གུར་ཁ་ཆེའི་མི་རིགས་ཚོ་སྡོད་སྒར་ཁག་ནང་ཟུར་བཀག་གིས་བཅུག་ཡོད་པའི་སྲིད་ཇུས་ལ་ངོ་རྒོལ་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་དང་། ད་ཆ་ཨ་རིའི་སྲིད་འཛིན་(Trump)་ལགས་ཀྱིས་ཁྲིམས་འཆར་དེར་མཚན་རྟགས་སྐྱོན་པའི་རྗེས་སུ། ཨ་རིའི་ཁྲིམས་གཞི་ཆགས་ནས་ཨ་རིའི་གཞུང་འཛིན་གྱི་ཡན་ལག་ཁག་གིས་ཡུ་གུར་རང་སྐྱོང་ལྗོངས་ནང་གི་གནས་སྟང་ཐོག་འཆར་ཅན་རྟོག་ཞིབ་གནང་དགོས་ཀྱི་ཡོད་པ་དང་། དེའི་ནང་ཨ་རི་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གནས་སྡོད་བྱེད་མཁན་ཡུ་གུར་ཁ་ཆེའི་མི་རིགས་ཚོར་རྒྱ་ནག་གི་གཞུང་ཚབ་ཁག་དང་། རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་བྱས་པའི་ཐབས་ཕྱོགས་གཅིག་འགྱུར་ལས་ཁང་གིས་ཉེན་ཁ་ཇེ་ཆེར་བཟོ་བཞིན་པའི་གནད་དོན་ཁག་ཀྱང་ཚུད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།