རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱས་པར་སྐྱོན་བརྗོད།

ཨ་རིའི་གྲོས་ཚོཌ་འོག་མིའི་སྤྱི་མཐུན་ཚོཌ་པའི་གནད་ཡོད་འཐུས་མི་ལྕམ་ཨེ་ལིན་རོས྄་ལིཧ་ཏི་ནིན་མཆོག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་བ།
2008-12-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་གནད་ཡོད་འཐུས་མི་ལྕམ་ཨེ་ལིན་རོས྄་ལིཧ་ཏི་ནིན་མཆོག་གིས་རྒྱ་ནག་གཞུང་གིས་ཉེ་ཆར་བོད་ནང་མི་ལྔ་བཅུ་ང་དགུར་དཀྲོགས་གཏམ་ཁྱབ་སྤེལ་བྱས་པ་ཟེར་བའི་ནག་ཉེས་འོག་འཛིན་བཟུང་བཙོན་བཅུག་བྱས་པ་ལ་སོགས་པ་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡོག་རོལ་ཤུགས་ཆེ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག

ལྕམ་ཨེ་ལིན་རོས྄་ལིཧ་ཏི་ནིན་མཆོག་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གནད་ཡོད་འཐུས་མི་ཞིག་ཡིན་པ་དང་ཁོང་གིས་གཟའ་མིག་དམར་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེའི་ནང་རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་ཆེས་གསང་བའི་ཐོག་ནས་ཁྲིམས་བཤེར་དྲག་གནོན་བྱས་པ་དེའི་དམིགས་ཡུལ་གཙོ་བོ་ནི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དེ་དག་མེད་པ་བཟོ་ཐབས་ཁོ་ནའི་ཆེད་ཡིན་པ་རེད་ལ་བོད་མི་དེ་དག་འཛིན་བཟུང་བྱས་པ་དེར་དགོས་དོན་གཞན་གང་ཡང་མེད་པར་བོད་ནང་མུ་མཐུད་དྲག་གནོན་བྱ་རྒྱུ་དེ་ཡིན་པ་རེད་ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་ནི་འགན་འཁུར་ཡོད་པའི་དེང་དུས་ཅན་གྱི་གཞུང་ཞིག་ཡིན་ལུགས་བརྗོད་བཞིན་ཡོད་ཀྱང་དོན་དངོས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་གནས་ཚུལ་སྦས་ཐབས་ཆེད་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོངས་སུ་འཕྲོག་པའི་ཡུལ་གྲུ་ཞིག་བཟོས་ཡོད་པ་རེད་ཅེས་གསུངས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།